logo

སྡེ་དགེ་པར་ཁང་གི་པར་ཤིང་རྙིང་གྲས་རྣམས་ལོ་གསུམ་གྱི་རྗེས་ནས་དཔར་མཚམས་འཇོག་རྒྱུ།

རྩོམ་པ་པོ།:ལྷ་མོ་ཚེ་སྐྱིད། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2018-07-11 ཀློག་གྲངས།:

     སྤྱི་ཟླ7པའི་ཚེས8ཉིན། སྡེ་དགེ་རྫོང་དུ་སྤེལ་བའི་སྡེ་དགེ་པར་ཁང་གི་མཐའ་མའི་པར་འདེབས་དྲིལ་སྒྲོག་བྱེད་སྒོའི་སྟེང་རྒྱུས་ལོན་པ་ལྟར་ན། སྡེ་དགེ་པར་ཁང་གི་པར་ཤིང་རྙིང་བ་དག་སྲུང་སྐྱོབ་དང་རྒྱུན་འཛིན་བྱ་ཆེད། སྡེ་དགེ་རྫོང་གིས2018ལོ་ནས་བཟུང་། ལོ་ངོ3ཡས་མས་ཀྱི་དུས་ཚོད་སྤྱད་དེ། མཐའ་མའི་ཚད་བཀག་སྲུང་སྐྱོབ་རང་བཞིན་གྱི་མཚམས་འཇོག་པར་འདེབས་ལག་བསྟར་བྱ་རྒྱུ་དང་། དེའི་རྗེས་པར་ཤིང་རྙིང་བ་ཡོངས་སུ་སྡོམ་ཉར་སྲུང་སྐྱོབ་བྱས་ཏེ་ལྟ་ཞིབ་དང་ཚན་ཞིབ། རྩོམ་རིག་ཞིབ་འཇུག་ཁོ་ནར་མཁོ་འདོན་བྱ་རྒྱུ་རེད། འདིས་ད་ནས་བཟུང་བའི་ལོ3ནང་གི་ཚད་བཀག་སྲུང་སྐྱོབ་རང་བཞིན་གྱི་མཚམས་འཇོག་པར་འདེབས་ལག་ཤེས་ཐོན་རྫས་ཀྱི་ཉར་ཚགས་རིན་ཐང་གོང་འཕར་དུ་བཏང་།

     སྡེ་དགེ་པར་ཁང་ནི་འཛམ་གླིང་མིའི་རིགས་ཀྱི་གཟུགས་འདས་ཤུལ་བཞག་རིག་གནས་དང་འཛམ་གླིང་དྲན་འཛིན་ཤུལ་བཞག་མིང་ཐོ། རྒྱལ་ཁབ་རིམ་པའི་གཙོ་གནད་རིག་དངོས་བཅས་ཀྱི་ཁོངས་སུ་གཏོགས་ཤིང་། ཆེད་མཁས་པས་དཔྱད་འབེབས་གནང་བར་བརྒྱུད། སྡེ་དགེ་པར་ཁང་གི་པར་ཤིང་རྙིང་བ་དེ་སྡོམ་ཉར་སྲུང་སྐྱོབ་ཀྱི་དུས་སྐབས་སུ་སླེབས་ཤིང་། སྲུང་སྐྱོབ་རང་བཞིན་གྱི་ཚད་བཀག་པར་འདེབས་བྱ་དགོས་པར་གསུངས།


འབྲེལ་ཡོད་འོས་སྦྱོར།