ཐེམ་ཆེན་རྫོང་ལུང་དམར་ཡུལ་ཚོས་བོད་ཀྱི་དམངས་ཁྲོད་སྲོལ་རྒྱུན་ལག་ཤེས་འགྲན་བསྡུར་སྤེལ།
རྩོམ་པ་པོ།:ཀླུ་འབུམ་ཚེ་རིང་། རྣལ་འབྱོར་རྒ
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2018-05-22
ཀློག་གྲངས།:
ཉེ་ཆར། ཐེམ་ཆེན་རྫོང་ལུང་དམར་ཡུལ་ཚོའི་རུ་ཁག་དང་པོའི་སྡེ་དམངས་ཨུ་ཡོན་ལྷན་ཁང་གིས་གུང་ཁྲན་ཏང་བཟང་། སྤྱི་ཁྱབ་ཧྲུའུ་ཅི་བཟང་། ཏང་གི་ཁར་ཉན་ནས་ཏང་གི་རྗེས་སུ་འབྲངས་པ་ཞེས་པ་བརྗོད་བྱ་ཡིན་པའི་དྲིལ་སྒྲོག་སློབ་གསོའི་བྱ་འགུལ་ལམ་བོད་ཀྱི་དམངས་ཁྲོད་སྲོལ་རྒྱུན་ལག་ཤེས་འགྲན་བསྡུར་སྤེལ།
ཐེངས་འདིའི་བྱ་འགུལ་ལ་ཐེམ་ཆེན་རྫོང་ལུང་དམར་ཡུལ་ཚོའི་རུ་ཁག་བཞི་ཡི་མང་ཚོགས100ལྷག་ཞུགས་ཡོད་ལ། ཐོག་མར་འབྲེལ་ཡོད་འགོ་ཁྲིད་ཀྱིས་གུང་ཁྲན་ཏང་བཟང་། སྤྱི་ཁྱབ་ཧྲུའུ་ཅི་བཟང་། ཏང་གི་ཁར་ཉན་ནས་ཏང་གི་རྗེས་སུ་འབྲངས་ཞེས་པའི་དྲིལ་སྒྲོག་སློབ་གསོའི་སྐོར་གྱི་གཏམ་བཤད་གནང་བ་རྗེས། འགྲན་བསྡུར་གྱི་འགོ་དངོས་སུ་བརྩམས་ཏེ་ཤན་འབྱེད་པ་དག་གིས་དྲང་བཞག་གི་ལྟ་སྐུལ་གྱི་འོག་ནས་འགྲན་ཞུགས་པ་རྣམས་ཀྱིས་ལག་ལེན་དངོས་ཀྱི་སྟེང་ནས་དམངས་ཁྲོད་ཀྱི་སྲོལ་རྒྱུན་ལག་ཤེས་ཐོན་རྫས་འགྲན་བསྡུར་བྱས།
འགྲན་བསྡུར་རྣམ་གྲངས་ལ་ཐུ་གུ་རྒྱུ་བ་དང་འུར་ཆ་འཕེན་པ། འཕངས་འཁེལ་བ། བཙུར་འགྱིག་འདེལ་བ། རྟ་རྒྱུག་པ་སོགས་ཡོད་པ་དང་། འགྲན་ཞུགས་པ་དག་གིས་སྤྲོ་སེམས་རབ་ཏུ་འཁོལ་བའི་ངང་ཉིན་གཅིག་ལྷག་རིང་གི་དུས་ཚོད་བེད་སྤྱད་ནས་འགྲན་བསྡུར་བྱས་པ་བརྒྱུད།མཇུག་མཐར་བྱ་འགུལ་གྱི་རྣམ་གྲངས་སོ་སོའི་ཨང་རིམ་ཐོབ་མཁན་དག་ལ་བྱ་དགའི་སྐུལ་ལྕག་བསྩལ་བར་མ་ཟད། ད་དུང་དམངས་ཁྲོད་ཀྱི་སྲོལ་རྒྱུན་རིག་གནས་ལ་མྱོང་བ་ཟབ་པའི་རྒན་པ་དག་གིས་ལས་ཡུལ་དངོས་ནས་སྲོལ་རྒྱུན་རིག་གནས་ཀྱི་དགོས་གལ་རང་བཞིན་དང་རྒྱུན་འཛིན་དར་སྤེལ་གྱི་ཐད་ནས་གཞོན་པ་རྣམས་ལ་ངོ་སྤྲོད་དང་བསམ་བློ་བརྗེ་རེས་བྱས།
རྒྱུས་ལོན་བྱས་པ་ལྟར་ན། བྱ་འགུལ་འདི་ནི་ཐེམ་ཆེན་རྫོང་ལུང་དམར་ཡུལ་ཚོས་ད་ལོར་ཐོག་མར་སྤེལ་བ་ཞིག་ཡིན་ཞིང་། རྗེས་མར་བྱ་འགུལ་གྱི་རྣམ་གྲངས་ཇེ་མང་དང་རྒྱ་ཇེ་ཆེར་གཏོང་རྩིས་ཡོད། བྱ་འགུལ་འདི་ལྟ་བུ་སྤེལ་བའི་དམིགས་ཡུལ་ནི། གཅིག་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས་ཏང་གི་ཚོགས་ཆེན་བཅུ་དགུ་བའི་སྙན་ཞུའི་ཁྲོད་བཏོན་པའི་ཀྲུང་ཧྭ་མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་རྒྱུད་འཛིན་དར་སྤེལ་གཏོང་དགོས་པའི་བླང་བྱར་ལག་ལེན་དངོས་འབེབས་བྱེད་པ་དང་། གཉིས་ནས་དུས་ཀྱི་འགྱུར་བག་དང་བསྡོངས་ནས་བོར་དང་འབོར་གྱིན་པའི་དམངས་ཁྲོད་ཀྱི་སྲོལ་རྒྱུན་རིག་གནས་མང་པོ་ཞིག་སྔོག་འདོན་དང་། ཉམས་པ་སླར་གསོ་དང་མ་ཉམས་གོང་འཕེལ་བཅས་བྱས་ཏེ། གཞོན་སྐྱེས་རྣམས་ལ་སྲོལ་རྒྱུན་ལག་ཤེས་ཐོན་རྫས་རིག་གནས་སྐོར་གྱི་རིན་ཐང་དང་གལ་ཆེན་རང་བཞིན་ངོ་སྤྲོད་གང་ལེགས་བྱེད་པ་དང་ཤེས་སུ་བཅུག་སྟེ། དེ་ཡི་རྒྱུད་འཛིན་མི་སྣ་སྐྱེད་སྲིང་བྱེད་པར་ཕན་ཐོགས་གང་ལེགས་ཐོབ་རྒྱུ་དེ་རེད།

འབྲེལ་ཡོད་འོས་སྦྱོར།