མཚོ་སྔོན་གྱི“མི་རིགས་མཐུན་སྒྲིལ་ཡར་ཐོན་བུམ་པའི”རི་མོ་དང་ཡིག་གཟུགས་འགྲན་སྡུར་གྱི་བརྩམས་ཆོས་བསྡུ་བ།
རྩོམ་པ་པོ།:མི་གསལ།
ཡོང་ཁུངས།:མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ།
དུས་ཚོད།:2018-05-07
ཀློག་གྲངས།:
བཅོས་སྒྱུར་སྒོ་འབྱེད་བྱས་ནས་ལོ་ངོ40འཁོར་བར་རྗེས་དྲན་དང་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་དང་། ཀྲུང་དབྱང་དང་ཞིང་ཆེན་ཡོངས་ཀྱི་མི་རིགས་ལས་དོན་གྲོས་ཚོགས་ཀྱི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱེད་པ། ཞིང་ཆེན་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་མཐུན་སྒྲིལ་འབད་འབུངས་བྱེད་པའི་ཉམས་དགའ་བའི་རྣམ་པ་མངོན་མཚོན་གང་ལེགས་བྱེད་པ། མི་རིགས་ཁག་གི་ཕུལ་བྱུང་རིག་གནས་འཛིན་སྐྱོང་སྤེལ་གསུམ་ལ་ཤུགས་བསྣན་པ། མི་རིགས་རིག་གནས་ཀྱི་བསམ་བློའི་ཉིང་བཅུད་མུ་མཐུད་ཡར་རྒྱས་སུ་གཏང་བ། མི་རིགས་ཁག་ཐུན་མོང་ལ་དབང་བའི་སེམས་ཀྱི་ཁྱིམ་གཞིས་འཛུགས་སྐྲུན་བྱེད་པ་བཅས། མི་རིགས་མཐུན་སྒྲིལ་ཡར་ཐོན་འཛུགས་སྐྲུན་ལ་གསོན་ཤུགས་གསར་པ་དང་ནང་དོན་གསར་པ་བསྣན་པ་ལ་བརྟེན་ནས་མི་རིགས་ཁག་བར་འབྲེལ་འདྲིས་དང་རེས་རོགས་ཀྱི་རྣམ་པ་ཆགས་སུ་བཅུག་པའི་ཐོག མཉམ་དུ་མི་རིགས་མཐུན་སྒྲིལ་གྱི་ཁྱོན་ཡོངས་ལ་སྲུང་སྐྱོང་དང་། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ལ་འབད་འབུངས་བྱེད་པའི་ཕྱིར་དུ། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་གནས་ཚུལ་དངོས་ལ་སྦྱར་ནས་བརྗོད་བྱང་ལ“ཐུན་མོང་ཐོག་མཐུན་སྒྲིལ་ཡར་ཐོན་དང་།ཐུན་མོང་ཐོག་སྟོབས་འབྱོར་དར་སྤེལ”ཞེས་བཀོད་དེ་ཞིང་ཆེན་ཡོངས་ཀྱི“མི་རིགས་མཐུན་སྒྲིལ་ཡར་ཐོན་བུམ་པ”ཞེས་པའི་རི་མོ་དང་ཡིག་གཟུགས་འགྲན་སྡུར་ཆེ་ཤོས་འདི་སྤེལ་རྒྱུ་ཡིན།
ཐེངས་འདིའི་འགྲན་སྡུར་གྱི་དམིགས་ཡུལ་གཙོ་བོ་ནི་བཅོས་སྒྱུར་སྒོ་འབྱེད་བྱས་ནས་ལོ་ངོ40འགོར་བའི་ཚུན་ཆོད་དུ། མཚོ་སྔོན་ཞིང་ཆེན་གྱི་མི་རིགས་ཁག་གི་མི་དམངས་ཀྱིས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་འགྱུར་མེད་འགོ་ཁྲིད་འོག ཏང་གི་ཚོགས་ཆེན་བཅུ་དགུ་པ་སློབ་སྟོན་དུ་བཟུང་ཞིང་། “ཏན་ཏན་ཏིག་ཏིག་བཞི”ཡི་བླང་བྱ་གལ་ཆེན་སྙིང་པོར་དྲིལ་ནས “སྒྱུར་བ་བཞི”ཡི་ཐབས་ལམ་ལག་ལེན་དུ་བསྟར་བ་དང་། མི་རིགས་མཐུན་སྒྲིལ་གྱི་བརྗོད་བྱང་གཟེངས་སུ་བཏེགས་ཏེ། མི་རིགས་ཁག་གི་མི་དམངས་རྣམས་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་གྱི་བྱ་གཞག་ཁྲོད་སྤྲོ་སེམས་འཁོལ་པོའི་ངང་ནས་ཞུགས་པར་སྐུལ་སློང་བྱས་ནས། ཀྲུང་ཧྭ་མི་རིགས་ཀྱི་ཁྱིམ་གཞི་ཆེན་པོའི་ནང་དུ། མི་རིགས་ཁག་གིས་སྤུན་ཉེ་འཆམ་མཐུན་བཞིན་དུ་སེམས་ཤུགས་གཅིག་ཏུ་སྒྲིལ་ནས། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་ཡོང་བའི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་གྱི་ཆེད་དུ་བྱས་རྗེས་འཇོག་པའི་སྐོར་གང་ལེགས་མངོན་ཆེད་ཡིན།
དང་པོ། རྩ་འཛུགས་ལས་ཁུངས།
གཙོ་སྒྲུབ་ལས་ཁུངས། མཚོ་ལྷོ་ཁུལ་སྤྱི་ཁྱབ་བཟོ་ཚོགས། མཚོ་ལྷོ་ཁུལ་མི་རིགས་མཐུན་སྒྲིལ་ཡར་ཐོན་གསར་འཛུགས་གཞུང་སྒྲུབ་ཁང་། མཚོ་ལྷོ་ཁུལ་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས། མཚོ་ལྷོ་ཁུལ་བསམ་པའི་དཔལ་ཡོན་གཞུང་སྒྲུབ་ཁང་། མཚོ་ལྷོ་ཁུལ་བཟོ་པའི་མཉམ་སྤྲོ་ཁང་།
སྒྱུ་རྩལ་སློབ་སྟོན་པ། མཚོ་སྔོན་ཞིང་ཆེན་ཡིག་མཁན་མཐུན་ཚོགས།
སྒྲུབ་འགན་འཁུར་མཁན། མཚོ་ལྷོ་ཁུལ་བཟོ་པའི་མཉམ་སྤྲོ་ཁང་། མཚོ་སྔོན་ཞིང་ཆེན་མི་རིགས་ཡིག་མཁན་མཐུན་ཚོགས།
གཉིས་པ། རྩོམ་བསྡུ་བྱ་ཡུལ།
ཞིང་ཆེན་ཡོངས་ཀྱི་མི་རིགས་ཁག་གི་ལོ་ན་བཅོ་བརྒྱད་ཡན་གྱི་ཡིག་གཟུགས་དང་རི་མོ་ལ་མོས་པ་ཡོད་མཁན་རྣམས་ཡིན།
གསུམ་པ། རྩོམ་བསྡུའི་བླང་བྱ།
1.བརྩམས་ཆོས་ཀྱི་ནང་དོན།
མཚོ་ལྷོ་ཁུལ་མི་རིགས་ལས་དོན་གྱི་གྲུབ་འབྲས་དང་། མི་རིགས་ཁག་གི་མི་དམངས་ཀྱི་སེམས་ཁམས། མི་རིགས་གོམས་སྲོལ། མི་རིགས་སྒྱུ་རྩལ། སྣོད་བཅུད་ཁོར་ཡུག་སོགས་མཚོན་པའི་རི་མོ་དང་། གནའ་བོའི་སྙན་ཚིག་དང་གཞས་ཚིག ལེགས་བཤད་དང་བསླབ་བྱ་སོགས་ཡིན་དགོས།
2.རྩོམ་སྟངས། ཀྲུང་གོའི་རི་མོ་ཡིན་དགོས་པ་དང་། ཡིག་གཟུགས་ནང་རྒྱ་ཡིག་དང་། བོད་ཡིག སོག་ཡིག ཤིང་བརྐོས་སོགས་ཀྱི་ཡིག་གཟུགས་འདུས།
3.ཚད་ཐིག ཤིང་བརྐོས་བརྩམས་ཆོས་སྨི་ལྷམ་མ10ལས་ཆུང་མི་རུང་བ་དང་། ཡིག་རིས་ཀྱི་བརྩམས་ཆོས་ཚང་མ་གཞུང་སྒྲིག་རྩིས་ཕྲེང་ལྟར་ཁྲི་ཙེ4 ཡིན་དགོས།
4.བརྩམས་ཆོས་ཀྱི་གྲངས་ཀ མི་རེས་བརྩམས་ཆོས་གཅིག་ནས་གཉིས་སྤྲད་ཆོག་ལ། བརྩམས་ཆོས་འབྱོར་རྗེས་སུ་རང་རེའི་ཞིང་ཆེན་གྱི་ཡིག་རིས་ཆེད་མཁས་པ་བསྐུངས་ནས་དེ་ལ་དཔྱད་འདེམས་བྱ་རྒྱུ།
5.ཡིད་འཇོག་དགོས་པའི་དོན་འགའ།
བརྩམས་ཆོས་བསྐུར་དུས་བརྩམས་ཆོས་རྒྱབ་ལོགས་ཀྱི་གཡས་ཟུར་འོག་མར་ཞ་སྨྱུག་གིས་བརྩམས་ཆོས་ཀྱི་མིང་དང་རྩོམ་པ་པོའི་མིང་། ཕོ་མོ། མི་རིགས། ལོ་ཚད། འབྲེལ་གཏུག་ས་གནས་དང་ཁ་པར་སོགས་གྲལ་དག་པོར་འབྲི་དགོས་པ་དང་། འཁྱུག་བྲིས། བརྐོས་བྲིས། བོད་ཡིག སོག་ཡིག་གི་བརྩམས་ཆོས་རྣམས་ལ་ཟུར་དུ་འགྲེལ་ཡིག་རེ་འཇོག་དགོས། བསྐུར་བྱའི་བརྩམས་ཆས་ལ་མཛེས་རྒྱན་ཅི་ཡང་གཏང་མི་ཆོག་ལ། དེ་གཙོ་སྒྲུབ་ཕྱོགས་ཀྱིས་གཅིག་གྱུར་ཐོག་གཏང་རྒྱུ་ཡིན།
6.དམིགས་བསལ་གྱི་གདན་ཞུའི་བརྩམས་ཆོས་དང་བྱ་དགའ་ཐོབ་པའི་བརྩམས་ཆོས་རྣམས་ཕྱིར་སོ་སོའི་ལག་ཏུ་མི་སྤྲོད་པར་མཚོ་ལྷོ་ཁུལ་སྤྱི་ཁྱབ་བཟོ་ཚོགས་ཀྱིས་ཉར་ཚགས་བྱ་རྒྱུ་ཡིན། འགྲན་བསྡུར་དུ་འདེམས་པ་དང་མ་འདེམས་པའི་བརྩམས་ཆོས་རྣམས་ཕྱིར་རྩོམ་པ་པོ་སོ་སོར་བསྐུར་ངེས།
བཞི་བ། རྩོམ་བསྡུའི་དུས་ཚོད་དང་འགྲེམ་སྟོན།
ཟླ5པའི་ཚེས15ཉིན་ནས་ཟླ6པའི་ཚེས20ཉིན་བར་ལ་རྩོམ་བསྡུ་རྒྱུ་དང་། 2018ལོའི་ཟླ8པའི་ཟླ་དཀྱིལ་དུ་འགྲེམ་སྟོན་བྱ་རྒྱུ། འགྲེམ་སྟོན་བྱ་ཡུལ་མཚོ་ལྷོ་ཁུལ་ལས་བཟོའི་རིག་གནས་བྱེད་སྒོ་ལྟེ་གནས་ཀྱི་འགྲེམ་སྟོན་ཚོམས་ཆེན་ཡིན།
ལྔ་པ། བྱ་དགའི་སྐོར།
ཐེངས་འདིའི་འགྲེམ་སྟོན་དུ་རི་མོ་དང་། ཡིག་གཟུགས་ཀྱི་བརྩམས་ཆོས་བསྡོམས་པའི200བཤམས་རྒྱུ་ཡིན་ཞིང་། འགྲན་སྡུར་ནང་འདེམས་པའི་བརྩམས་ཆོས་ཡོངས་ལ་འགྲན་ཞུགས་དཔང་ཡིག་གནང་རྒྱུ། བྱ་དགའ་ཐོབ་པའི་བརྩམས་ཆོས་རྣམས་ལ་བྱ་དགའི་དངུལ་དང་དཔང་ཡིག་གནང་རྒྱུ་ཡིན།
བདུན་པ། རྩོམ་ཡིག་བསྐུར་སྟངས།
བསྐུར་ཡུལ། མཚོ་སྔོན་ཞིང་ཆེན་མི་རིགས་ཡིག་རིས་པའི་མཐུན་ཚོགས།(ས་གནས། ཟི་ལིང་གྲོང་ཁྱེར་མཁར་ཤར་ཁུལ་སོ་མ་ཞང་པའེ་ཀོན་གྲོང་ཚོའི་ར་བའི་ནང་གི་ཡིག་རིས་ཟབ་སྦྱོང་ལྟེ་གནས)ཡིན།
སྦྲགས་སྲིད་ཨང་གྲངས། 810000
འབྲེལ་བ་བྱེད་ས། ཝའེ་ཅིན་ལིན། ཚའོ་ཀྲི་ཆིང་གཉིས་ཡིན་ལ། ཁ་པར་ཨང་གྲངས། 15597005657 18809727053
གཞུང་སྒྲུབ་ཁང་གི་ཁ་པར་ཨང་གྲངས། 0971-8184295

ཞེས་མཚོ་ལྷོ་ཁུལ་སྤྱི་ཁྱབ་བཟོ་ཚོགས། མཚོ་སྔོན་ཞིང་ཆེན་མི་རིགས་ཡིག་རིས་པའི་མཐུན་ཚོགས་ནས།
འབྲེལ་ཡོད་འོས་སྦྱོར།