ཉག་ཆུ་རྫོང་སློབ་འབྲིང་གིས་སྐབས་དང་པོའི་སློབ་རའི་སྒྱུ་རྩལ་དུས་ཆེན་བསུས་པ།
ཉག་ཆུ་རྫོང་སློབ་འབྲིང་གི་སྐབས་དང་པོའི་སློབ་རའི་སྒྱུ་རྩལ་དུས་ཆེན།
ཉག་ཆུ་རྫོང་སློབ་འབྲིང་གི་སྐབས་དང་པོའི་སློབ་རའི་སྒྱུ་རྩལ་དུས་ཆེན།
ཉག་ཆུ་རྫོང་སློབ་འབྲིང་གི་སྐབས་དང་པོའི་སློབ་རའི་སྒྱུ་རྩལ་དུས་ཆེན།
སྤྱི་ཟླ5བའི་ཚེས3ཉིན་གྱི་སྔ་དྲོར། ཉག་ཆུ་རྫོང་སློབ་འབྲིང་གི་སྐབས་དང་པོའི་སློབ་རའི་སྒྱུ་རྩལ་དུས་ཆེན་དེ་ཉག་ཆུ་རྫོང་སློབ་འབྲིང་དུ་སྤེལ་ཞིང་། ཉག་ཆུ་རྫོང་མགར་ར་གྲོང་རྡལ་དམའ་རིམ་སློབ་འབྲིང་གིས་རྫོང་སློབ་འབྲིང་ལ་ཁྱིམ་ཚང་གཅིག་གི་སྤུན་ལྟར་བརྩེ་ཞེས་འཁོད་པའི་གོས་དར་སྤྲད་པ་རེད།
ཉག་ཆུ་རྫོང་སློབ་འབྲིང་གི་དགེ་སློབ་ཡོངས་ཀྱིས་ངལ་གསོའི་དུས་ཚོད་བེད་སྤྱད་དེ་སློབ་གྲྭའི་སྒྱུ་རྩལ་དུས་ཆེན་གྱི་བྱེད་སྒོ་སྤེལ་ལ། དེ་ནི་སློབ་གྲྭ་རང་གི་སློབ་མར་རིག་གནས་ཀྱི་འཚོ་བ་ཕུན་སུམ་ཇེ་ཚོགས་དང་། སློབ་མའི་རྒྱུད་ལ་སློབ་སྦྱོང་གི་སྤྲོ་བ་དང་འཇོན་ནུས་ཇེ་ཆེར་གཏོང་བར་དམིགས་ཏེ་སློབ་རའི་རྣམ་པར་གསོན་ཤུགས་ལྡན་ལ། སློབ་རའི་རིག་གནས་ཀྱི་སྣང་ཚུལ་ཇེ་མཐོ་དང་གཞི་རྒྱ་ཇེ་ཆེར་བཏང་བ་རེད།
ཐེངས་འདིའི་དུས་ཆེན་གྱི་བྱེད་སྒོ་ཉིན་གསུམ་རིང་ལ་སྤེལ་བ་སྟེ། གླུ་གར་འགྲན་བསྡུར་དང་ཡིག་གཟུགས་བརྩམས་ཆོས་འགྲེམ་སྟོན། ཕུལ་བྱུང་རྩོམ་ཡིག་འགྲེམ་སྟོན། རྐང་གྲུག་འགྲན་བསྡུར། གཏམ་བཤད་འགྲན་བསྡུར་བཅས་ཀྱི་བྱེད་སྒོ་སྣ་མང་སྤེལ་བ་རེད།