2018ལོའི་དམིགས་བསལ་ལས་རྐང་གི་དགེ་རྒན་བསྡུ་བའི་བརྡ་སྦྱོར།
རྩོམ་པ་པོ།:ཤ་མོ་འཚོས་བསྒྱུར།
ཡོང་ཁུངས།:མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ།
དུས་ཚོད།:2018-05-04
ཀློག་གྲངས།:
རྒྱལ་ཁབ་དང་རང་ཞིང་གི་འབྲེལ་ཡོད་བཅའ་ཡིག་ལྟར། 2018ལོར་རང་ཞིང་གིས་རོང་འབྲོག་ཁུལ་གྱི་འོས་འགན་སློབ་གསོའི་དུས་རིམ་གྱི་སློབ་གྲྭ་སོ་སོས་དམིགས་བསལ་ལས་རྐང་གི་དགེ་རྒན149བསྡུ་རྒྱུ་ཡིན་པ་དང་། འབྲེལ་ཡོད་དོན་ཚན་ནི་གཤམ་གསལ་ལྟར།
མིང་ཐོ་འགོད་པའི་དུས་ཚོད་ནི2018ལོའི་སྤྱི་ཟླ5པའི་ཚེས2ཉིན་གྱི་ཆུ་ཚོད9ནས་ཚེས8ཉིན་གྱི་ཆུ་ཚོད16བར་ཡིན་ལ། ཡིག་རྒྱུགས་ལེན་པའི་དུས་ཚོད་ནི2018ལོའི་སྤྱི་ཟླ5པའི་ཚེས26ཉིན་ཡིན་པས། ཞིབ་ཏུ་རྒྱུས་ལོན་བྱ་འདོད་ནwww.qhpta.comདྲ་བར་གཟིགས་རོགས།
དང་པོ། ལས་བྱེད་མི་སྣ་བསྡུ་བའི་ལས་རྐང་། ཁྱབ་ཁོངས། གོ་རིམ།
གཅིག དམིགས་བསལ་ལས་རྐང་གི་དགེ་རྒན་གྱི་ཞབས་ཞུ་ལྟེ་གནས་ཚང་མ་ཤང་དང་གྲོང་རྡལ་མན་གྱི་སློབ་གྲྭ་ཡིན་པ་དང་། ཞིང་ཆེན་ཡོངས་སུ་བསྡོམས་པའི་དམིགས་གསལ་ལས་རྐང་གི་དགེ་རྒན149བསྡུ་རྒྱུ་ཡིན་ལ། དེའི་ཁྲོདཟི་ལིང་གྲོང་ཁྱེར་ལ་དགེ་རྒན21དང་། མཚོ་ཤར་གྲོང་ཁྱེར་ལ་དགེ་རྒན53། མཚོ་ནུབ་ཁུལ་ལ་དགེ་རྒན19། ཡུལ་ཤུལ་ཁུལ་ལ་དགེ་རྒན45། མགོ་ལོག་ཁུལ་ལ་དགེ་རྒན11བཅས་བསྡུ་རྒྱུ་རེད། བྱེ་བྲག་ལས་རྐང་རེའུ་མིག་ལྟར།
གཉིས། ལས་བྱེད་མི་སྣ་བསྡུ་བའི་ཁྱབ་ཁོངས་དང་གོ་རིམ།
ཐེངས་འདིའི་ལས་བྱེད་མི་སྣ་བསྡུ་པའི་ཁྱབ་ཁོངས་ནི་ཞིང་ཆེན་ཡོངས་ལ་ཁ་ཕྱོགས་པ་དང་། ཁུལ་སོ་སོར་ཁ་ཕྱོགས་པ་གཉིས་སུ་བཀར་ཡོད་པ་དང་། དེ་ལས་རང་ཞིང་ལ་ཁ་ཕྱོགས་ཏེ་བསྡུ་བའི་ལས་མིའི་ཁྱབ་ཁོངས་གཤམ་གསལ་ལྟར་ཡིན། དུད་ཐོ་དང་སྐྱེས་ཁུངས་རང་ཞིང་ཡིན་པ། རང་ཞིང་སློབ་ཆེན་མཐར་ཕྱིན་སློབ་མའམ་རང་ཞིང་ནས་ཡིན་པའི་སློབ་ཆེན་མཐར་ཕྱིན་སློབ་མ་ཡིན་པ། སློབ་ཆེན་པ“སྡེ་དཔོན”ཞེས་པའི་ལས་སྒོའི“གསུམ་རོགས་གཅིག་སྐྱོང”དང་ནུབ་རྒྱུད་གསར་སྤེལ་ལ་ཞུགས་པའི(མཚོ་སྔོན་ལྷོ་ཁུལ་འཆར་གཞིར་ཞུགས་པའི་སློབ་མ་ནང་དུ་ཐེ)སློབ་ཆེན་སློབ་མ། ཁུལ་སོ་སོས་ལས་ཀ་བཀོད་སྒྲིག་བྱས་ཡོད་པའི་ལས་འཁྱུར་དམག་མི(དམག་རྒྱུག་ལོ་ཚད་ལོངས་པའི་རང་ཞིང་གི་འཐབ་མོ་བ་ནང་དུ་ཐེ) ། མི་གཅིག་གིས་ལས་གནས་གཅིག་ལ་མ་གཏོགས་མིང་ཐོ་བཀོད་མི་ཆོག་པ་རེད།
གཉིས་པ། ལས་བྱེད་མི་སྣ་བསྡུ་བའི་ཆ་རྐྱེན།
རྒྱུགས་ཞུགས་སློབ་མ་དག་ལ་ངེས་པར་དུ་གཤམ་གསལ་གྱི་ཆ་རྐྱེན་དག་ཚང་དགོས།
གཅིག ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་བརྩི་སྲུང་བྱེད་དགོས་པ་དང་། བཅའ་ཁྲིམས་དང་ཁྲིམས་སྲོལ་བརྩི་སྲུང་བྱེད་དགོས་པ།
གཉིས། གཞུང་རྒྱུད་དྲང་ཞིང་ལས་རིགས་ཀུན་སྤྱོད་ཡག་པོ་ལྡན་དགོས་ལ། རང་གི་ལས་གནས་དེར་དགའ་དགོས་པ།
གསུམ། ལས་གནས་སུ་མཁོ་བའི་ཆེད་ལས་རྩལ་ནུས་ཀྱི་ཆ་རྐྱེན་དང་མཐུན་དགོས་པ།
བཞི། ལས་གནས་སུ་མཁོ་བའི་ལུས་ཕུང་གི་ཆ་རྐྱེན་དང་མཐུན་དགོས་པ།
ལྔ། ལོ30མན་ཡིན་དགོས་པ།
དྲུག བོད་རྒྱ་སྐད་གཉིས་ཀྱི་ལས་རྐང་ལ་མིང་ཐོ་འགོད་མཁན་ཚོས་ངེས་པར་དུ་བོད་རྒྱ་སྐད་གཉིས་ཀྱི་ལམ་ནས་སློབ་ཁྲིད་བྱེད་པའི་ནུས་པ་ཡོད་དགོས།
གསུམ་པ། ལས་བྱེད་མི་སྣ་བསྡུ་བའི་གོ་རིམ།
ལས་བྱེད་མི་སྣ་བསྡུ་བའི་གོ་རིམ་ནི་ལས་བྱེད་མི་སྣ་བསྡུ་བའི་བརྡ་སྦྱོར་གྱི་ཆ་འཕྲིན་ལྟར། ལས་བྱེད་མི་སྣ་བསྡུ་བའི་ཆ་འཕྲིན་གསལ་བསྒྲགས་བྱེད་པ་དང་།
དྲ་ཐོག་ནས་མིང་ཐོ་འགོད་པ་དང་། དྲ་ཐོག་ནས་ཐོབ་ཐང་ཞིབ་བཤེར་བྱེད་པ། ཡིག་རྒྱུགས་ལེན་པ། ཡུལ་དངོས་སུ་ཐོབ་ཐང་ལ་ཞིབ་བཤེར་བྱེད་པ། ཁ་རྒྱུགས་ལེན་པ། ལུས་པོར་བརྟག་དཔྱད་བྱེད་པ། ཞིབ་མཆན་བཀོད་ནས་ལས་ཁུངས་དུ་ལེན་པ་བཅས་གོ་རིམ་བཞིན་བསྒྲུབ་དགོས་པ་རེད།
1.ཐེངས་འདིའི་ལས་བྱེད་མི་སྣ་བསྡུ་བའི་མིང་ཐོ་འགོད་པའི་བྱ་བ་ནི། དྲ་ཐོག་ནས་མིང་ཐོ་འགོད་པ་དང་། དྲ་ཐོག་ནས་ཐོབ་ཐང་ཞིབ་བཤེར་བྱེད་པ། དྲ་ཐོག་ནས་དངུལ་སྤྲོད་པ། དྲ་ཐོག་ནས་རྒྱུགས་སྤྲོད་འཛིན་བྱང་དཔར་བ་སོགས་ཀྱི་རྣམ་པ་སྤྱོད་དགོས་པ་དང་།
མིང་ཐོ་འགོད་པའི་དུས་ཚོད་ནི2018ལོའི་སྤྱི་ཟླ5པའི་ཚེས2ཉིན་གྱི་ཆུ་ཚོད9ནས་ཚེས8ཉིན་གྱི་ཆུ་ཚོད16བར་ཡིན་པས་ཞིབ་དུ་རྒྱུས་ལོན་བྱེད་འདོད་ནwww.qhpta.comདྲ་བར་གཟིགས་རོགས།
2.སྐར་མ་སྣོན་པའི་ཆ་རྐྱེན་དང་མཐུན་པའི་སློབ་མ་དེ་གྲངས་ཉུང་མི་རིགས་དག་གི་སློབ་མ་དག་ལས་གཞན་པའི་སློབ་མ་དག་གིས་དྲ་ཐོག་ནས་ཐོབ་ཐང་ཞིབ་བཤེར་བྱས་ཏེ་དངུལ་སྤྲད་པའི་རྗེས་སུ་མི་རང་ཉིད་ཀྱི་ཐོབ་ཐང་ལག་ཁྱེར་དང་ཁྱིམ་ཐོ། སྐར་མ་སྣོན་པའི་ཆ་རྐྱེན་དང་མཐུན་པའི་འབྲེལ་ཡོད་ཀྱི་དཔང་ཡིག་དག་ཁྱེར་ནས་སྤྱི་ཟླ5པའི་ཚེས16ཉིན་ནས་སྤྱི་ཟླ5པའི་ཚེས16ཉིན་བར་ཟི་ལིང་གྲོང་ཁྱེར་ཁོན་ལུང་ལམ་ནུབ་ལམ་སྲང་ལམ5པ(西宁市昆仑路西山一巷5号)རུ་སོང་ནས་ཡུལ་དངོས་སུ་སྐར་མ་བསྣན་ཆོག་པ་རེད།
བཞི་པ། ཡིག་རྒྱུགས་ལེན་པའི་དུས་ཚོད།
1.ཐེངས་འདིའི་རྒྱུགས་གཞི་ནི་ཁ་རྒྱུགས་དང་ཡིག་རྒྱུགས་རིགས་ཆེན་པོ་གཉིས་སུ་བགར་ཡོད་པ་དང་། ཁ་རྒྱུགས་ཀྱི་སྐར་གྲངས་ཀྱིས་སྤྱིའི་སྐར་གྲངས་ཀྱི་བརྒྱ་ཆའི40ཟིན་པ་དང་། ཡིག་རྒྱུགས་ཀྱི་སྐར་གྲངས་ཀྱིས་སྤྱིའི་སྐར་གྲངས་ཀྱི་བརྒྱ་ཆའི60ཟིན་པ་རེད།
གཅིག ཡིག་རྒྱུགས་ལེན་པའི་དུས་ཚོད།
ཡིག་རྒྱུགས་ལེན་པའི་དུས་ཚོད་ནི2018ལོའི་སྤྱི་ཟླ5པའི་ཚེས26ཉིན་ཡིན་པས། བྱེ་བྲག་གི་ས་གནས་རྒྱུགས་སྤྲོད་འཛིན་བྱང་སྟེང་གསལ།
2.ཡུལ་དངོས་སུ་ཐོབ་ཐང་ཞིབ་བཤེར་བྱེད་པ།
ཡིག་རྒྱུགས་ཀྱི་སྐར་གྲངས་གསལ་བསྒྲགས་བྱས་པའི་རྗེས་སུ། ཁ་རྒྱུགས་ལ་ཞུགས་པའི་སློབ་མ་དག་གིས་མི་རང་ཉིད་ཀྱི་ཐོབ་ཐང་ལག་ཁྱེར་དང་ཁྱིམ་ཐོ། རྒྱུགས་སྤྲོད་འཛིན་བྱང་། ལས་གནས་ཀྱི་ཆ་རྐྱེན་དང་མཐུན་པའི་མཐར་ཕྱིན་འཛིན་ཡིག་དང་འབྲེལ་ཡོད་ཀྱི་ཐོབ་ཐང་འཛིན་ཡིག་གཞན་དག་བཅས་ཀྱི་མ་ཡིག་དང་དཔར་མ་བཅས་རྨ་ལྷོ་ཁུལ་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིན་ལ་མཁོ་འདོན་བྱེད་དགོས་པ་རེད།
ཡུལ་དངོས་སུ་ཐོབ་ཐང་ཞིབ་བཤེར་བྱས་པའི་རྗེས་བོད་རྒྱ་སྐད་གཉིས་ཀྱི་ལས་གནས་སུ་མིང་ཐོ་བཀོད་ཡོད་པའི་སློབ་མ་དག་ལ་བོད་རྒྱ་སྐད་གཉིས་ཀྱི་ཆུ་ཚད་ཚོད་ལྟ་བྱས་ཏེ་ཚད་དང་མཐུན་མིན་ལ་རྒྱུགས་ལེན་རྒྱུ་ཡིན་པ་རེད།
3.ཁ་རྒྱུགས།
སློབ་གྲྭ་ཆུང་འབྲིང་གི་དགེ་རྒན་གྱི་ལས་གནས་སུ་མིང་ཐོ་བཀོད་པའི་ཁ་རྒྱུགས་ནི་སློབ་ཁྲིད་དཔྱད་བརྗོད་ཀྱི་རྣམ་པ་བརྒྱུད་དེ། ཁ་རྒྱུགས་ཀྱི་སྐར་གྲངས་ཀྱིས་སྤྱིའི་སྐར་གྲངས་ཀྱི་བརྒྱ་ཆའི40ཟིན་པ་དང་། ཡིག་རྒྱུགས་ཀྱི་སྐར་གྲངས་ཀྱིས་སྤྱིའི་སྐར་གྲངས་ཀྱི་བརྒྱ་ཆའི་60ཟིན་པ་རེད།
ལྔ་པ། ལུས་པོར་བརྟག་དཔྱད་བྱེད་པ།
འབྲེལ་གཏུག་ཁ་པར་ཨང་གྲངས། ཞིང་ཆེན་སློབ་གསོ་ཐིན། 0971-6310741
ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིན། 0971-8258130
དྲ་ཐོག་ནས་མིང་ཐོ་འགོད་པའི་ལག་རྩལ་པའི་འབྲེལ་གཏུག་ཁ་པར་ཨང་གྲངས། 0971-8258587

མཚོ་སྔོན་ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིན་དང་། མཚོ་སྔོན་ཞིང་ཆེན་སློབ་གསོ་ཐིན་ནས།
2018ལོའི་སྤྱི་ཟླ4པའི་ཚེས28ཉིན།
འབྲེལ་ཡོད་འོས་སྦྱོར།