རྩེ་ཁོག་རྫོང་རྒྱལ་ཡོངས་བོད་ཀྱི་ཡིག་གཟུགས་དུས་ཆེན་སྐབས་གཉིས་པའི་བརྩམས་ཆོས་འགྲེམ་སྟོན་སྤེལ་བ།
རྩེ་ཁོག་རྫོང་རྒྱལ་ཡོངས་བོད་ཀྱི་ཡིག་གཟུགས་དུས་ཆེན་སྐབས་གཉིས་པའི་བརྩམས་ཆོས་འགྲེམ་སྟོན་སྤེལ་བ།
ཡིག་གཟུགས་འགྲེམ་སྟོན།
ཡིག་གཟུགས་འབྲི་བཞིན་པའི་ཚུལ།
སློབ་བུ་རྣམས་ཀྱིས་ཡིག་གཟུགས་འགྲེམ་སྟོན་ལ་གཟིགས་བཞིན་པ།
སྤྱི་ཟླ4བའི་ཚེས24ནས་ཚེས26བར། རྩེ་ཁོག་རྫོང་རིག་གནས་ལུས་རྩལ་རྒྱང་སྒྲོག་བརྙན་འཕྲིན་ཡུལ་སྐོར་ཅུའུ་ཡིས་གཙོ་སྒྲུབ་དང་། རྫོང་རིག་གནས་དཔེ་མཛོད་ཁང་གིས་འགན་སྒྲུབ་བྱས་པའི་རྩེ་ཁོག་རྫོང་རྒྱལ་ཡོངས་བོད་ཀྱི་ཡིག་གཟུགས་དུས་ཆེན་སྐབས་གཉིས་པ་བསུ་བའི་བརྩམས་ཆོས་འགྲེམ་སྟོན་དེ་རྩེ་ཁོག་རྫོང་མི་རིགས་སློབ་འབྲིང་དང་པོ་དང་གཉིས་པའི་ལུས་རྩལ་ཁང་ནས་འགྲེམ་སྟོན་བྱས།
ཡིག་གཟུགས་འགྲེམ་སྟོན་ལ་སྤྱི་སྡོམ་དགེ་སློབ5000ལྷག་ཞུགས་ཡོད་པ་དང་། ཡིག་མཁན་དག་གིས་ཡུལ་དངོས་ནས་ཡིག་གཟུགས་བརྩམས་ཆོས300ལྷག་བྲིས་ནས་ཡིག་གཟུགས་ལ་དགའ་བའི་དགེ་སློབ་ཀུན་གྱི་རེ་འདུན་བསྐང་།
ཐེངས་འདིའི་འགྲེམ་སྟོན་ནི་རྫོང་རིག་གནས་དཔེ་མཛོད་ཁང་གིས་ཉར་ཚགས་བྱས་ཡོད་པའི་བོད་ཆོལ་ཁ་གསུམ་གྱི་ཡིག་མཁན30ལྷག་གི་བརྩམས་ཆོས50ལྷག་ཡིན་ལ། ཐེངས་འདིའི་བྱ་འགུལ་ཡིས་ཡིག་གཟུགས་ལ་མོས་པ་ཡོད་པའི་དགེ་སློབ་དག་གི་སློབ་རའི་རིག་གནས་འཚོ་བ་ཕུན་སུམ་ཇེ་ཚོགས་དང་བོད་ཀྱི་སྲོལ་རྒྱུན་ཡིག་གཟུགས་སྒྱུ་རྩལ་ལ་སྔར་ལས་ངོས་ཟིན་ཟབ་མོ་ཐོབ།