མཚོ་སྔོན་དགེ་འོས་སློབ་ཆེན་གྱི་ལས་གནས1726གིས་ཁྱེད་ལ་སྒུག་ཡོད།
རྩོམ་པ་པོ།:མི་གསལ།
ཡོང་ཁུངས།:མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ།
དུས་ཚོད།:2018-04-13
ཀློག་གྲངས།:
མཚོ་སྔོན་དགེ་འོས་སློབ་ཆེན་གྱིས2018ལོའི་མཐར་ཕྱིན་སློབ་མའི་ཆེད་དོན་ལས་མི་བསྡུ་བའི་གྲོས་ཚོགས་ཟླ4པའི་ཚེས13ཉིན་གྱི་སྔ་དྲོའི་དུས་ཚོད9སྟེང་བསྡུ་རྒྱུ་རེད། ལས་བསྡུའི་གྲོས་ཚོགས་སྟེང་བསྡོམས་པས་མི་བཀོལ་ལས་ཁུངས147གདན་ཞུ་བྱས་ཏེ་ལས་གནས1726འདོན་སྤྲོད་བྱ་རྒྱུ་ཡིན་ཞིང་། དངུལ་རྩ་དང་ཁང་གཞིས་རྒྱུ་ནོར། སྡེབས་ཚོང་དང་ཐོར་ཚོང་། སློབ་གསོ་སོགས་ཀྱི་ལས་རིགས་ཀྱིས་གཞི་རྩའི་ཆ་ནས་མཐར་ཕྱིན་སློབ་མ་དག་གི་ལས་འཚོལ་དགོས་མཁོ་བསྐང་རྒྱུ་རེད།
ལོ་འདིའི་མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མས་ལས་ཞུགས་ཐད་ཀྱི་མིང་ཐོ་ཇི་ལྟར་འགོད་དགོས་ཞེ་ན། མཚོ་སྔོན་ཞིང་ཆེན་ནང་ཁུལ་གྱི་མཐོ་རིམ་སློབ་གྲྭ་དང་ཞིང་ཆེན་ཕྱིའི་མཐོ་རིམ་སློབ་གྲྭ་ནས་ད་ལོར་མཐར་ཕྱིན་པའི་སློབ་མས་ལས་ཞུགས་མིང་ཐོ་འགོད་པའི་ལག་རྟགས་ཁྱེར་ནས། ཐད་གར་དུ་མི་བཀོལ་ལས་ཁུངས་སམ་ཁྱིམ་ཐོ་ཡོད་སའི་ས་གནས་ཀྱི་གྲོང་ཁྱེར(ཁུལ་ཡང་འདུ)གྱི་འཇོན་མི་བརྗེ་རེས་ལྟེ་གནས་སུ་མིང་ཐོ་འགོད་ཆོག་ལ། ཞིང་ཆེན་སློབ་གསོ་ཐིང་སློབ་མའི་བྱ་བའི་དོ་དམ་གཞུང་སྒྲུབ་ཁང་ནས་མིང་རྟགས་འགོད་མི་དགོས། མཐར་ཕྱིན་སློབ་མས་བྱ་བའི་ལས་གནས་གསར་བ་འབྲེལ་གཏུག་བྱས་ཏེ་འགྲོ་ལུགས་བསྒྲུབ་དགོས་ཚེ་ཁྱིམ་ཐོ་ཡོད་སའི་ས་གནས་ཀྱི་གྲོང་ཁྱེར(ཁུལ་ཡང་འདུ)གྱི་འཇོན་མི་བརྗེ་རེས་ལྟེ་གནས་སུ་སོང་ནས་བསྒྲུབ་ཆོག

འབྲེལ་ཡོད་འོས་སྦྱོར།