མཚོ་ལྷོ་ཁུལ་མི་རིགས་མཐོ་འབྲིང་གསུམ་པས་སྐབས་དང་པོའི་དགེ་བཟོ་བའི་འཐུས་མི་ཚོགས་ཆེན་བསྡུས།
མཚོ་ལྷོ་ཁུལ་མི་རིགས་མཐོ་འབྲིང་གསུམ་པས་སྐབས་དང་པོའི་དགེ་བཟོ་བའི་འཐུས་མི་ཚོགས་ཆེན་བསྡུས།
སློབ་གསོའི་ཆོས་ཉིད་ཀྱིས་བཏོན་པའི་རེ་བའམ་རྒྱལ་ཁབ་ཀྱི་སློབ་གསོའི་དགོངས་དོན་ལས"ཕྱོགས་ཡོངས་ནས་འཕེལ་རྒྱས"ཞེས་པའི་དགོངས་དོན་དང་། མཚོ་ལྷོ་ཁུལ་མི་རིགས་མཐོ་འབྲིང་གསུམ་པའི་དངོས་ཡོད་གནས་ཚུལ་ལ་དམིགས་ནས་སློབ་གྲྭའི་ཏང་ཨུའི་འགོ་ཁྲིད་དང་མཚོ་ལྷོ་ཁུལ་སྤྱིའི་བཟོ་ཚོགས་ཀྱིས་ཆོག་མཆན་བརྒྱུད། 2018ལོའི་ཟླ3པའི་ཚེས30ཉིན་གྱི་སྔ་དྲོའི་དུས་ཚོད8:30སྟེང་། ཐེངས་འདིའི་ཚོགས་ཆེན་གྱི་མདོ་འཛིན་པ་ཚེ་བརྟན་དོན་གྲུབ་ཀྱིས་ཚོགས་འདུ་མགོ་རྩོམ་པ་ཁྱབ་བསྒྲགས་མཛད་པ་དང་། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་གླུ་དང་སྡེབས་ནས་མཚོ་ལྷོ་ཁུལ་མི་རིགས་མཐོ་རིམ་སློབ་འབྲིང་གསུམ་པའི་སྐབས་དང་པོའི་དགེ་བཟོ་བའི་འཐུས་མི་ཚོགས་ཆེན་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོ་དངོས་སུ་མགོ་བརྩམས། ཐེངས་འདིའི་ཚོགས་འདུ་ལ་འཐུས་མི་ཚོགས་ཆེན་གྱི་ཚོགས་ཞུགས་འཐུས་མིའི་རྩ་དོན་ལྟར་འཐུས་མི50ཞུགས།
སློབ་གཙོ་གཞོན་པ་གཙུག་འབུམ་ཚེ་རིང་གིས་ཚོགས་འདུའི་དབུ་འབྱེད་ཀྱི་གཏམ་བཤད་གནང་།
ཚོགས་འདུའི་གོ་རིམ་གཉིས་པ། མཚོ་ལྷོ་ཁུལ་མི་རིགས་མཐོ་འབྲིང་གསུམ་པའི་ཏང་ཨུའི་ཧྲུའུ་ཅིའམ་སློབ་གཙོ་བསོད་ནམས་རྡོ་རྗེས་དོ་དམ་ཞིབ་ཚགས་ཀྱིས་འཕེལ་རྒྱས་ལ་སྐུལ་འདེད་དང་། བློ་གཅིག་སེམས་གཅིག་གིས་མི་སྐྱོང་ལ་འབད་པ་ཞེས་པའི་སློབ་གྲྭའི་བྱ་བའི་སྙན་ཞུ་ཕུལ། བྱ་བའི་སྙན་ཞུ་ལས། དང་པོ། 2017ལོའི་བྱ་བར་སྤྱི་བསྡོམས་གནང་། དེ་ཡང་ཏང་འཛུགས་སྐྲུན་ལ་ཤུགས་བསྣོན་པར་དམ་དུ་སྦྲེལ་ཏེ་སློབ་གྲྭའི་ཆབ་སྲིད་ལམ་ཐིག་ལ་ཕྱོགས་སྟོན་བརྒྱུད་ཏང་རྩ་འཛུགས་ཀྱི་ནུས་པ་ཕྱོགས་ཡོངས་ནས་འདོན་སྤེལ་དང་། སློབ་ཁྲིད་སློབ་གསོ་སྤུས་ཚད་མཐོར་འདེགས་དང་དམ་དུ་འབྲེལ་བ་ནི་ཚེ་སྲོག་ལམ་ཐིག་ཏུ་བཟུང་ནས་སློབ་ཁྲིད་ལ་ཤུགས་བསྣོན་པ། རྒྱབ་ཕྱོགས་ཞབས་འདེགས་ཀྱི་འཚོ་བ་མཐོར་འདེགས་དང་དམ་དུ་འབྲེལ་བ་ནི་འགན་ལེན་ལམ་ཐིག་ཏུ་བཟུང་ནས་བྱ་བའི་དོ་དམ་ལ་ཤུགས་བསྣོན་པ་བཅས་དོན་ཆུང་གསུམ་གྱི་ལམ་ནས་འདས་ཟིན་པའི་ལོ་འདིའི་སློབ་གྲྭའི་བྱ་བར་ཟུར་མི་འདྲ་བ་དང་ངོས་མི་འདྲ་བའི་སྒོ་ནས་རྒྱས་བཤད་གནང་། གཉིས་པ། 2018ལོའི་བྱ་བའི་གཙོ་གནད་ཀྱི་སྐོར། དེ་ཡང་བསམ་བློར་མཛུབ་སྟོན། བྱ་བའི་རིགས་ལམ་དང་དམིགས་འབེན། བྱ་བའི་གཙོ་གནད་དང་ཐབས་ལམ་བཅས་དོན་ཆུང་གསུམ་གྱི་སྟེང་ནས་སློབ་གྲྭའི་ད་ལྟའི་གནས་བབས་དང་མ་འོངས་པའི་ལམ་ཕྱོགས། འཕེལ་རྒྱས་དང་རྒྱལ་ཁབ་ཀྱི་སློབ་གསོའི་དགོངས་དོན་ལ་དམིགས་ནས་ཞིབ་ཅིང་རྒྱས་པའི་ངང་འཐུས་མི་རྣམས་ལ་གསལ་བཤད་དང་ཕྱོགས་སྟོན་གནང་བས་ལོ་སྔོན་མའི་བྱ་བའི་འཐུས་ཤོར་ལ་ངོས་ཟིན་དང་ཆད་པ་ཁ་གསབ། རྗེས་ཕྱོགས་ཀྱི་བྱ་བའི་ལམ་ཕྱོགས་ལ་ངེས་ཟིན་ཟབ་མོ་ཐོབ།
ཚོགས་འདུ་གོ་རིམ་བཞི་བ། ཚོ་ཆུང་བགར་ནས་གྲོས་གཞིར་གྲོས་མོལ་གནང་བ།
ཡུལ་དངོས་ཀྱི་ཟུར་ཞིག
ཚོགས་འདུ་གོ་རིམ་གསུམ་པ། སློབ་གཙོ་གཞོན་པ་ལུག་ཀྲིན་ཧྲུག་གིས2017ལོའི་སློབ་གྲྭའི་ནོར་དོན་བྱ་བའི་སྙན་ཞུ་ཕུལ། ཁོང་གིས་བསྟན་དོན། སློབ་གྲྭའི་ནོར་དོན་བྱ་བ་ནི་སློབ་གྲྭའི་བྱ་བའི་ཁྲོད་ཆད་མི་རུང་བའི་ནང་གསེས་གལ་ཆེན་ཞིག་ཡིན་ལ། སྲིད་ཇུས་རང་བཞིན་དང་རྩ་དོན་རང་བཞིན་གྱིས་ཤུགས་ཆེ་བའི་བྱ་བ་ཞིག་ཡིན། དེས་ཐད་ཀར་དུ་སློབ་གྲྭའི་བྱ་བ་བདེ་ལེགས་ངང་འཁོར་བསྐྱོད་བྱ་བ་དང་དགེ་བཟོ་བའི་ཁེ་ཕན་ལ་འབྲེལ་བ་གལ་ཆེན་ལྡན། ལོ་འདི་ནང་ངེད་སློབ་གྲྭའི་ནོར་དོན་བྱ་བར་རང་སློབ་གྲྭའི་ཏང་ཨུ་ཧྲུའུ་ཅིའམ་སློབ་གཙོ་བསོད་ནམས་རྡོ་རྗེ་གཙོ་བྱས་པའི་འགོ་ཁྲིད་དག་དང་། དགེ་རྒན་དག་གིས་ཐུགས་ཁུར་དང་མཐོང་ཆེན་འོག སློབ་གྲྭའི་ནོར་དོན་བྱ་བ་ཚད་ལྡན་དུ་བསྙེགས་པ་དང་ནོར་སྲིད་ཕྱོགས་ཀྱི་རྩ་དོན་དང་སྒྲིག་ཁྲིམས། རྩ་ཁྲིམས། ཡིག་ཆ་དག་གི་དགོངས་དོན་ཡང་དག་པར་དོན་འཁྱོལ་གནང་། མཚོ་ལྷོ་ཁུལ་སློབ་གསོ་ཅུའུ་དང་ནོར་སྲིད་ཅུའུས་ལྟ་རྟོག་འོག་འགྲོ་སོང་དང་ཡོང་སྒོ་ཁྲིམས་མཐུན་གྱིས་ལག་བསྟར་གནང་བ་ཡིན། དེ་དང་འབྲེལ་ནས་དང་པོ། ད་ལོའི་བསྡོམས་རྩིས་འགྲོ་ཡོང་ལྷག་དངུལ་གནས་ཚུལ་སྐོར་ནས་སྙན་ཞུ་ཕུལ། དེ་ཡང་ད་ལོའི་ཡོང་སྒོ་དང་ལས་དོན་འགྲོ་དོན་གནས་ཚུལ། ལོ་རྗེས་མར་རྩིས་སྤར་གནས་ཚུལ། ནོར་སྲིད་ཁ་གསབ་གནས་ཚུལ་བཅས་དོན་ཆུང་བཞི་སྒོ་ནས་རྒྱས་བཤད་གནང་། གཉིས་པ། སློབ་མའི་འཚོ་ཚིས་རིན། གསུམ་པ། ད་ལོའི་གཏན་འཇགས་རྒྱུ་ནོར། བཞི་བ། 2018ལོའི་སྔོན་རྩིས་བཅས་དོན་ཆེན་བཞི་སྟེང་སློབ་གྲྭའི་ནོར་དོན་བྱ་བ་ཞིབ་རྒྱས་ངང་སྙན་ཞུ་ཕུལ།
ཐེངས་འདིའི་ཚོགས་འདུ་བརྒྱུད་འཐུས་མི་རྣམས་ཀྱིས་འགན་ཁུར་ལྡན་པའི་སྒོ་ནས་སློབ་གྲྭའི་འཕེལ་རྒྱས་དང་སློབ་གསོའི་ལས་དོན་ལ་སྔ་ན་མེད་པའི་རྟོགས་པ་ཟབ་མོ་ཞིག་དང་ལམ་ཕྱོགས་གསལ་བོ་ཞིག་ཐོབ། ཁོང་ཚོས་བཤད་རྒྱུར། སློབ་གྲྭའི་གྲུབ་འབྲས་དང་སྒྲིག་སྲོལ། ལམ་ཕྱོགས་དག་ནི་མེད་པ་ནས་ཡོད་པར་གྱུར་བ་དང་ཡོད་པ་ནས་འཕེལ་རྒྱས། འཕེལ་བ་ནས་ཚད་ལྡན་དུ་བསྐྱོད་པའི་གནས་བབས་ཞིག་གམ་བསྐྱོག་མཚམས་ཞིག་ན་ཡོད་པས། ང་ཚོ་ནི་སློབ་གྲྭ་འདིའི་མ་འོངས་པའི་ལམ་སྟོན་པ་ཡིན་པའི་ཆ་ནས་འགན་འཁྲི་ཡོད་ལ་འགན་ཁུར་ལྗིད་ན་ཡང་འགན་འདི་ལེན་པར་སྤོབས་པ་དང་ཡིད་ཆེས་ཀྱིས་ཁེངས་ཡོད་དོ།།