མཚོ་ལྷོ་ཁུལ་མི་རིགས་མཐོ་འབྲིང་དང་པོས་དགེ་རྒན་གསོ་སྦྱོང་བྱ་འགུལ་གྱི་ཕུལ་བྱུང་མི་སྣར་གཟེངས་བསྟོད་གནང་།
མཚོ་ལྷོ་ཁུལ་མི་རིགས་མཐོ་འབྲིང་དང་པོས་དགེ་རྒན་གསོ་སྦྱོང་བྱ་འགུལ་གྱི་ཕུལ་བྱུང་མི་སྣར་གཟེངས་བསྟོད་གནང་།
སྤྱི་ཟླ3པའི་ཚེས19ཉིན་གྱི་ཕྱི་དྲོར། མཚོ་ལྷོ་ཁུལ་མི་རིགས་མཐོ་འབྲིང་དང་པོས2017ལོ་ནས2018ལོའི་དགེ་རྒན་གསོ་སྦྱོང་བྱ་འགུལ་གྱི་ཕུལ་བྱུང་མི་སྣར་གཟེངས་བསྟོད་བྱ་བའི་ཚོགས་ཆེན་བསྡུས།
དགེ་རྒན་ནི་སློབ་གསོའི་ཐོན་ཁུངས་དང་པོ་ཡིན་ལ། ཆུ་ཚད་མཐོན་པོ་ཞིག་མེད་པའི་དགེ་རྒན་གྱི་དཔུང་སྡེ་ལ་སྤུས་ཚད་ལེགས་པའི་སློབ་གསོ་ཞིག་གླེང་བར་བྲལ། ན་གཞོན་དགེ་རྒན་རྣམས་ཀྱི་སྤུས་ཚད་མཐོར་འདེགས་སུ་གཏོང་བར། མཚོ་ལྷོ་ཁུལ་མི་རིགས་མཐོ་འབྲིང་དང་པོས2017ལོ་ནས2018ལོའི་སློབ་སྐབས་དང་པོར་དུས་ཡུན་ཟླ་བ་གཅིག་རིང་གི་དགེ་རྒན་གསོ་སྦྱོང་བྱ་འགུལ་སྤེལ། དགེ་རྒན་རྣམས་རྩ་འཛུགས་སྒོས་སློབ་ཁྲིད་གྲ་སྒྲིག་དང་། སློབ་ཁྲིད་བཤད་པ། འཆར་ཁྲིད་སྒྲིག་བཟོ། སློབ་ཁྲིད། བརྗོད་གཞི་སོགས་འགྲན་བསྡུར་གནང་བ་ཡིན། ཐེངས་འདིའི་འགྲན་ཞུགས་པ་བསྡོམས་པས་མི97ཡོད། སློབ་ཁྲིད་ཀྱི་ནང་དོན་ནི་སློབ་གྲྭ་ཡོངས་ཀྱི་རིག་ཚན་སོ་སོར་འབྲེལ་ཡོད་ཅིང་ཁེབས་རྒྱ་ཆེ་ལ། བྱ་བའི་སྣོན་ཤུགས་ཆེ། དུས་མཚུངས་སུ། གྲུབ་འབྲས་ཀྱང་མངོན་གསལ་བླངས་པ་སྟེ། མཇུག་མཐར་ཨང་དང་པོ12དང་ཨང་གཉིས་པ41བདམས་ཐོན་བྱུང་།
གཟེངས་བསྟོད་ཚོགས་ཆེན་སྤེལ་བའི་དམིགས་ཡུལ་ནི། ཕྱོགས་ཡོངས་ནས་དགེ་རྒན་གསོ་སྦྱོང་བྱ་འགུལ་སྤེལ་བ་དང་། མུ་མཐུད་དུ་སློབ་གསོའི་སློབ་ཁྲིད་ནུས་ཤུགས་མཐོར་འདེགས་སུ་གཏོང་བ་སྲོག་ཤིང་དུ་བཟུང་བ་དང་། ནང་དོན་སྣ་ཚོགས་དང་རྣམ་པ་སྣ་མང་གི་གསོ་སྦྱོང་བྱ་འགུལ་སྤེལ་ཐོག རྒྱུན་རིང་གསོ་སྦྱོང་མ་ལག་བཙུགས་ཏེ། སློབ་གྲྭའི་དགེ་རྒན་གསོ་སྦྱོང་རྒྱུན་ལྡན་ཅན་དང་ལམ་ལུགས་ཅན་དུ་གཏོང་རྒྱུ་དང་། བོད་ཁུལ་གྱི་མིང་དུ་གྲགས་པའི་སློབ་གྲྭ་ཞིག་ཏུ་འགྱུར་བར་དགེ་རྒན་དཔུང་སྡེ་ཆེན་མོས་འགན་སྲུང་བྱ་རྒྱུ་དེ་ཡིན།