《རྩེར་སྙེག》དུས་དེབ་ཀྱི་རྩོམ་བསྡུའི་བརྡ་སྦྱོར།
རྩོམ་པ་པོ།:མི་གསལ།
ཡོང་ཁུངས།:྇རྩེར་སྙེག་རྩོམ་སྒྲིག་ཁང་།
དུས་ཚོད།:2018-03-16
ཀློག་གྲངས།:
《རྩེར་སྙེག》དུས་དེབ་ནི་ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཏང་གི་སློབ་གྲྭ་དང་མཚོ་སྔོན་ཞིང་ཆེན་སྲིད་འཛིན་སློབ་གླིང་། མཚོ་སྔོན་ཞིང་ཆེན་སྤྱི་ཚོགས་རིང་ལུགས་སློབ་གླིང་གསུམ་གྱིས་གཙོ་གཉེར་བྱས་པ་དང་། རྒྱལ་ཁབ་ཕྱི་ནང་དུ་རྒྱ་ཆེར་སྤེལ་བའི་རིགས་གཞུང་ཕྱོགས་བསྡུས་ཀྱི་ཞིང་ཆེན་རིམ་པའི་མི་རིགས་དང་ཆབ་སྲིད་སྐོར་གྱི་བོད་ཡིག་གཙོ་གནད་དུས་དེབ་ཅིག་ཡིན། འདི་ལ་ཏང་སྲིད་ལས་བྱེད་པའི་གླེང་སྟེགས་དང་རིགས་གཞུང་དགའ་ཚལ། མི་རིགས་མཐུན་སྒྲིལ། རིག་གནས་ལོ་རྒྱུས། ཆོས་ལུགས་ཞིབ་འཇུག ལོ་ཙཱའི་བྱ་བ། ཆེད་དོན་དཔྱད་བརྗོད་སོགས་ཚན་བྱང་རིགས་དུ་མ་ཡོད་པས། རྒྱ་ཆེ་འབྲི་ཀློག་པ་དག་གིས་ཚན་བྱང་ལ་རན་པའི་རྩོམ་ཡིག་བསྐུར་བར་དགའ་བསུ་ཞུ་བ་དང་སྦྲགས་དོ་སྣང་མཛད་དགོས་པའི་དོན་ཚན་འགའ་གཤམ་གསལ་ལྟར།
གཅིག རྩོམ་ཡིག་བསྐུར་སྐབས་ངེས་པར་དུ་དྲ་བ་བརྒྱུད་དེ་གློག་རྡུལ་མ་ཕྱི་བསྐུར་བ་དང་། འདིར་བསྐུར་བའི་རྩོམ་ཡིག་རྣམས་བལྟ་བདེ་ལ་འཁྲུལ་མི་འབྱུང་ཕྱིར་ཡིག་གཟུགས་ཧི་གཟུགས་ཡིན་དགོས།
གཉིས། འདི་གར་བསྐུར་བའི་རྩོམ་ཡིག་ལ་རྒྱལ་ཁབ་རིམ་པའི་ཚད་ལྡན་གྱི་རྩོམ་སྒྲིག་ཚད་གཞི་ལྟར། དཔྱད་རྩོམ་གྱི་ནང་དོན་གནད་བསྡུས་དང་བརྡ་ཆད་གཙོ་བོ། ལུང་ཚིག་སྐོར་གྱི་དཔེ་མིང་དང་རྩོམ་པ་པོ། ཡིག་རིགས། དཔར་མ། དཔེ་སྐྲུན་ཁང་། ཤོག་གྲངས་བཅས་མཇུག་མཆན་དུ་གསལ་བོར་འགོད་དགོས།
གསུམ། པར་ངོས་ཀྱི་ཚད་མི་བརྒལ་བའི་ཆེད་རྩོམ་ཡིག་གི་རིང་ཐུང་འཚམ་པར་ཡིག་གྲངས་སྟོང་གསུམ་ནས་ལྔས་ཆོད་པར་བྱས་ཏེ་བསྐུར་བ་དང་། རྩོམ་ཡིག་གི་ཁ་བྱང་དང་རྩོམ་པ་པོའི་མིང་། ཕོ་མོ། སྡོད་གནས་དང་འབྲེལ་གཏུག་ཁ་པར། སྡོད་དམངས་ཐོབ་ཐང་ལག་ཁྱེར་གྱི་ཨང་གྲངས་སོགས་རྒྱ་བོད་ཤན་སྦྱར་གྱིས་གསལ་བོར་བྲིས་ཏེ་བསྐུར་དགོས།
བཞི། འདིར་འབྱོར་བའི་རྩོམ་ཡིག་ཕྱིར་སློག་རྒྱུ་མིན་པས་མ་ཕྱི་རང་གིས་ཉར་ཚགས་བྱ་དགོས།
ལྔ། གཞན་རྩོམ་བརྐུ་བཤུ་དང་པར་སྐྲུན་ཉིས་ཟློས་སོགས་པར་དབང་དང་འགལ་བའི་གནས་ཚུལ་བྱུང་ཚེ། རྩོམ་པ་པོ་རང་ཉིད་ཀྱིས་འགན་འཁུར་དགོས།
ངེད་རྩོམ་སྒྲིག་ཁང་གི་འབྲེལ་གཏུག་བྱ་ཡུལ།
སྡོད་གནས། ཟི་ལིང་གྲོང་ཁྱེར་མཁར་ནུབ་ཁུལ་རྨ་ཆུ་ལམ་གྱི་སྒོ་རྟགས་ཨང་གཉིས་པ། མཚོ་སྔོན་ཞིང་ཆེན་ཏང་གི་སློབ་གྲྭའི《རྩེར་སྙེག》རྩོམ་སྒྲིག་ཁང་།
སྦྲག་སྲིད་ཨང་གྲངས། 810001 གློག་རྡུལ་ཡིག་སྒམ། pandengzwb4321@163.com
འབྲེལ་གཏུག་ཁ་པར། 0971-4395461 4396455 4396460

འབྲེལ་ཡོད་འོས་སྦྱོར།