བོད་ལྗོངས“དུས་རབས་གསར་བའི་རྩོམ་རིག་བྱ་དགའ”གནང་བའི་མཛད་སྒོ་སྤེལ་བ།
རྩོམ་པ་པོ།:ལྷ་མོ་ཚེ་སྐྱིད་ཀྱིས་བསྒྱུར།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2018-01-03
ཀློག་གྲངས།:
ཉེ་ཆར། བོད་རང་སྐྱོང་ལྗོངས་རྩོམ་པ་པོའི་མཐུན་ཚོགས་ཀྱིས་སྐབས་བརྒྱད་པའི་བོད་ལྗོངས“དུས་རབས་གསར་བའི་རྩོམ་རིག་བྱ་དགའ”གནང་བའི་མཛད་སྒོ་དེ་ལྷ་སར་སྤེལ་ཞིང་། རང་སྐྱོང་ལྗོངས་ཀྱི་རྩོམ་པ་པོ་གསར་བ4སྟེ། ལྷ་གཡང་ནོར་བུ་དང་། རྡོ་རྗེ་ཚེ་འབྱོར། ཟླ་བ་དབྱངས་ཅན། ཁྲེན་ཡུའེ་ཅུན་བཅས་ལ་བོད་ལྗོངས“དུས་རབས་གསར་བའི་རྩོམ་རིག་བྱ་དགའ”ཐོབ།
མཚམས་སྦྱོར་གནང་བ་ལྟར་ན། བོད་ལྗོངས“དུས་རབས་གསར་བའི་རྩོམ་རིག་བྱ་དགའ”ནི་བོད་ལྗོངས་རྩོམ་པ་པོའི་མཐུན་ཚོགས་ཀྱིས1997ལོར་བཙུགས་ཤིང་། གཙོ་ཆེར་རྩོམ་རིག་ཐད་ཀྱི་མི་སྣ་གསར་བ་སྐྱེད་སྲིང་དང་། བོད་ལྗོངས་ཀྱི་རྩོམ་རིག་ལས་དོན་དར་སྤེལ་དུ་གཏོང་བ་དེ་ཡིན་ལ། ཐེངས་འདིའི་དཔྱད་འདེམ་ནི་ཐོག་མར་བོད་ལྗོངས་རྩོམ་པ་པོས་ཉེ་བའི་ལོ་གཉིས་ཀྱི་ནང་སྤེལ་བའི་བརྩམས་ཆོས་ཁྲོད་ཕུལ་བྱུང་བརྩམས་ཆོས་གདམ་གསེས་བྱས་རྗེས། ཆེད་དུ་བོད་རྒྱའི་འབྲེལ་ཡོད་ཆེད་མཁས་པ5གདན་དྲངས་ཏེ་ཐོག་བདམས་བརྩམས་ཆོས་ལ་ཞིབ་ཏུ་དཔྱད་འདེམ་དང་སྐོང་མིང་འདེམ་ཤོག་འཕེན་པར་བརྒྱུད་བྱ་དགའ་ཐོབ་པའི་བརྩམས་ཆོས་བདམས་ཐོན་བྱུང་། བོད་ལྗོངས“དུས་རབས་གསར་བའི་རྩོམ་རིག་བྱ་དགའ”ཞེས་པའི་བྱ་དགའ་ཐོབ་པའི་བརྩམས་ཆོས་ཡོངས་སུ་གཞི་རིམ་ནས་ཐོན་ཞིང་རྒྱ་ཆེ་བའི་མི་དམངས་མང་ཚོགས་ཀྱི་ཐོན་སྐྱེད་འཚོ་བར་སྦྲེལ་ཡོད།

འབྲེལ་ཡོད་འོས་སྦྱོར།