བསང་ཆུ་རྫོང་ཨ་མཆོག་ས་ཁུལ་དུ2017ལོའི་ས་གནས་ཀྱི་འབུམ་རམས་སོགས་སློབ་མ77ལ་བྱ་དགའ་གནང་བའི་མཛད་སྒོ་སྤེལ།
རྩོམ་པ་པོ།:ལྷ་མོ་ཚེ་སྐྱིད།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2017-08-29
ཀློག་གྲངས།:
འབུམ་རམས་པར་བྱ་དགའ་གནང་བ།
ཞིབ་འཇུག་སློབ་མར་བྱ་དགའ་གནང་བ།
དངོས་གཞི་སློབ་མར་བྱ་དགའ་གནང་བ།
མཉམ་པར།
ཉེ་སར། ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་བསང་ཆུ་རྫོང་ཨ་མཆོག་ས་ཁུལ་གྱི་སློབ་གསོ་ཡར་སྐུལ་ཚོགས་པས2017ལོའི་ས་གནས་ཀྱི་འབུམ་རམས་སོགས་སློབ་མ77ལ་བྱ་དགའ་སྟེར་བའི་མཛད་སྒོ་སྤེལ།
ཐེངས་འདིའི་མཛད་སྒོའི་སྟེང་། དངོས་གཞི་སློབ་མ་རྣམས་ལ་བྱ་དགའི་སྒོར1500དང་། ཞིབ་འཇུག་སློབ་མ་རྣམས་ལ་བྱ་དགའི་སྒོར5000། འབུམ་རམས་པའི་སློབ་མར་བྱ་དགའི་སྒོར10000བཅས་བསྡོམས་པས་སློབ་མ77ལ་བྱ་དགའ་གནང་སྟེ། སློབ་མ་འདི་དག་གིས་རྗེས་ཕྱོགས་སུ་སློབ་སྦྱོང་ལ་སྔར་ལས་འབད་པ་ཆེར་བསྐྱེད་དང་ཕྱོགས་གང་ཐད་ལ་བརྩོན་པ་ལྷུར་ལེན་སྒོས་མ་འོངས་པར་རང་སོ་སོར་མདུན་ལམ་ལེགས་པོ་འཚོལ་བར་མ་ཟད་ས་ཁུལ་འདིར་ཕན་མི་དམན་པ་ཐོགས་པར་སྨོན་འདུན་ཞུས།
འབྲེལ་ཡོད་འོས་སྦྱོར།