མཚོ་ལྷོ་ཁུལ་ན་གཞོན་རིག་གནས་ཕོ་བྲང་གིས་རིག་རྩལ་འཁྲབ་སྟོན་དང་ན་ཆུང་བྱིས་པའི་པར་རིས་བཀྲམ།
ན་ཆུང་བྱིས་པ་དག་གིས་རིག་རྩལ་འཁྲབ་སྟོན་བྱེད་པ།
སྤྱི་ཟླ7པའི་ཚེས31ཉིན། གུང་གཞོན་ཚོགས་པའི་མཚོ་ལྷོ་ཁུལ་ཨུ་དང་ན་གཞོན་རིག་གནས་ཕོ་བྲང་གཉིས་མཉམ་འབྲེལ་སྒོས་ན་གཞོན་རིག་རྩལ་འཁྲབ་སྟོན་དང་པར་རིས་འགྲེམ་སྟོན་གྱི་བྱེད་སྒོ་སྤེལ།
མཚོ་ལྷོ་ཁུལ་ན་གཞོན་རིག་གནས་ཕོ་བྲང་གིས2017ལོའི་དབྱར་གནང་གི་རིག་རྩལ་འཁྲབ་སྟོན་གྱ་ནོམ་ཞིག་གནང་བ་སྟེ། དེར་བོད་རིགས་ཀྱི་ཞབས་བྲོ་དང་། ལཱ་ཏིང་གི་བྲོ་གར། བོད་རིགས་གྱོན་ཆས་འགྲེམ་སྟོན། མཉམ་ལེན། གློག་རྡུལ་དཀྲོལ་ལེན་སོགས་ཕུན་སུམ་ཚོགས་པའི་འཁྲབ་སྟོན་སྣ་ཚོགས་གནང་།
ན་ཆུང་བྱིས་པ་དག་གི་པར་རིས་འགྲེམ་སྟོན་གྱི་ཡུལ་དངོས་རྣམ་པ།
ཐེངས་འདིའི་པར་རིས་འགྲེམ་སྟོན་ལ་བསྡོམས་པས་བརྩམས་ཆོས240བཀྲམ་ཞིང་། འདི་དག་ཡོངས་སུ་མཚོ་ལྷོ་ཁུལ་གྱི་རིགས་སོ་སོའི་ན་ཆུང་བྱིས་པའི་ལག་ནས་ཐོན་པ་ཞིག་ཡིན་ལ། རྣམ་པ་དང་ཁ་དོག་སྣ་ཚོགས་ཡོད་དེ་བརྩམས་ཆོས་རེ་རེར་བྱིས་པ་ཚོའི་བསམ་གཞིག་གི་ནུས་པས་ཁེངས་ཡོད། ཐེངས་འདིའི་པར་འགྲེམ་གྱི་ཆེས་ཆུང་བའི་བྱིས་པ་ནི་ལོ5ཡིན།