logo

མཚོ་ལྷོ་མི་རིགས་མཐོ་འབྲིང་བཞི་བ་འཛུགས་པའི་རྨང་འདིང་མཛད་སྒོ་སྤེལ་བ།

རྩོམ་པ་པོ།:མི་གསལ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2017-08-01 ཀློག་གྲངས།:

     སྤྱི་ཟླ7པའི་ཚེས26ཉིན། མཚོ་ལྷོ་ཁུལ་མི་རིགས་མཐོ་རིམ་སློབ་འབྲིང་བཞི་བའི་འཛུགས་སྐྲུན་གྱི་རྨང་འདིང་མཛད་སྒོ་སྤེལ་ཞིང་། འཛུགས་སྐྲུན་འདི་ནི2017ལོའི་ལོ་མགོ་ནས་འཛུགས་སྐྲུན་གྲ་སྒྲིག་བྱས་པ་དང་། མཚོ་ལྷོ་ཁུལ་གྱི་ཆེད་ལས་ལག་རྩལ་སློབ་གྲྭའི་བྲག་དཀར་རྫོང་གི་ཡན་ལག་སློབ་གྲྭ་དང་མཉམ་ལས་མཉམ་འཛུགས་བྱེད་མགོ་བརྩམས་པ་དང་། མི་རིགས་མཐོ་འབྲིང་བཞི་པ་འདི2018ལོའི་ཟླ8པའི་ནང་ལེགས་འགྲུབ་འབྱུང་རྒྱུ་རེད།
     སློབ་གྲྭ་འདིའི་སྤྱིའི་རྒྱ་ཁྱོན་ལ་མུའུ215ཡོད་པ་དང་། སྤྱིའི་འཆར་འགོད་ཀྱི་བཟོ་སྐྲུན་གྱི་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ28087.73དང་། མ་དངུལ་སྒོར་ཁྲི14045གཏོང་འཆར་ཡོད། སློབ་གྲྭ་ཡོངས་སུ་ལེགས་འགྲུབ་བྱུང་རྗེས་བསྡོམས་པས་དགེ་སློབ1300དང་། དེའི་ཁྲོད་མཐོ་འབྲིང་གི་སློབ་མ900དང་། ལག་རྩལ་འཛིན་གྲྭར་སློབ་མ300དང་། དགེ་བཟོ་པ100 བཅས་ཡོད།


     སློབ་གྲྭ་འདི་བཙུགས་པ་བརྒྱུད་བྲག་དཀར་རྫོང་གི་རོང་འབྲོང་མང་ཚོགས་ཀྱི་བྱིས་པ་སློབ་གྲྭར་འགྲོ་བར་སྟབས་བདེ་ལེགས་པོ་གནང་བར་མ་ཟད། བྲག་དཀར་རྫོང་གི་འོས་འགན་སློབ་གསོ་ཁྱབ་བརྡལ་གཏོང་བ་དང་མཐོ་འབྲིང་སྐབས་ཀྱི་སློབ་གསོའི་འཕེལ་རྒྱས་ཀྱི་གོམ་སྟབས་ཇེ་མགྱོགས་དང་རོང་འབྲོག་མང་ཚོགས་ཀྱི་བྱིས་པ་སློབ་གྲྭར་འགྲོ་བའི་དཀའ་ཁག་སེལ་ཡོང་ལ། རིགས་སོ་སོའི་མི་དམངས་མང་ཚོགས་ཀྱི་རིགས་གནས་སྤུས་ཚད་ཇེ་མཐོ་དང་སློབ་གསོ་ཆ་སྙོམས་འཕེལ་རྒྱལ་འགྲོ་བར་དོན་སྙིང་གལ་ཆེན་ལྡན་པ་རེད།


འབྲེལ་ཡོད་འོས་སྦྱོར།