དར་མཚོ་རྫོང་གིས་སློབ་སྔོན་སློབ་གསོའི་སློབ་ཁྲིད་བྱེད་སྟངས་འགྲེམ་སྟོན་བྱས་པ།
རྩོམ་པ་པོ།:ཚེ་རིང་འབུམ།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2017-04-25
ཀློག་གྲངས།:

གསར་འགོད་པས་རྒྱུས་ལོན་བྱུང་བ་ལྟར་ན། ཟླ4བའི་ཚེས21ཉིན། དར་མཚོ་རྫོང་སློབ་གསོ་ཅུས་ཀྱིས་སློབ་སྔོན་སློབ་གསོའི་སློབ་ཁྲིད་འགྲེམ་སྟོན་བྱ་འགུལ་སྤེལ། རྫོང་ཡོངས་ཀྱི་བྱིས་སྙོར་ཁང52ཡི་སློབ་མ182སློབ་ཁྲིད་འགྲེམ་སྟོན་བྱ་འགུལ་དུ་ཞུགས། ཐེངས་འདིའི་སློབ་ཁྲིད་འགྲེམ་སྟོན་བྱ་འགུལ་ཁྲོད་རྫོང་བྱིས་སྙོར་ཁང་གི་དགེ་རྒན་བཞིས་བྱིས་སྙོར་ཁང་གི་འཛིན་གྲྭ་ཆེ་བའི་ཚན་རིག་དང་། འཛིན་གྲྭ་ཆུང་བའི་འགུལ་སྤྱོད་སློབ་ཁྲིད་སོགས་བརྗོད་སྙིང་དུ་བཟུང་སྟེ། དར་མཚོའི་ཁྱད་ཆོས་ཡོད་པའི་སློབ་སྔོན་སློབ་གསོའི་སློབ་ཁྲིད་བྱེད་སྟངས་འགྲེམ་སྟོན་བྱས།
ཐེངས་འདིའི་འགྲེམ་སྟོན་བྱས་པར་བརྟེན་དར་མཚོ་རྫོང་གི་བྱིས་སྙོར་ཁང་ཕན་ཚུན་བར་སློབ་ཁྲིད་བྱེད་སྟངས་བསམ་བློ་བརྗེ་རེས་དང་ཕན་ཚན་རོགས་འདེགས། སློབ་ཁྲིད་རྒྱ་བསྐྱེད། བྱིས་པའི་སེམས་ཁམས་ཞིབ་འཇུག་སོགས་ཀྱི་ཐད་ལ་ནུས་པ་ཆེན་པོ་ཐོན་པ་དང་། དར་མཚོ་རྫོང་གི་ཁྱད་ཆོས་ལྡན་པའི་སློབ་སྔོན་སློབ་གསོའི་རྨང་གཞི་ཇེ་བརྟན་དུ་གཏང་བའི་ཐད་ལ་དགེ་མཚན་ལྡན་པའི་ནུས་པ་གལ་ཆེན་ཐོན།