logo

2017ལོར་བོད་ལྗོངས་ནས་འཕུར་སྐྱོད་སློབ་མ་བསྡུ་རྒྱུ་ཡིན་པ།

རྩོམ་པ་པོ།:མི་གསལ། ཡོང་ཁུངས།:མི་དམངས་དྲ་བ། དུས་ཚོད།:2017-02-17 ཀློག་གྲངས།:


2017ལོར་བོད་ལྗོངས་ནས་འཕུར་སྐྱོད་སློབ་མ་བསྡུ་རྒྱུ་ཡིན་པ།

     དམག་དོན་འཕུར་སྐྱོད་འཇོན་མི་ནི་མཁའ་དམག་འཛུགས་སྐྱོང་འཕེལ་རྒྱས་དང་དམག་འཐབ་ཀྱི་ནུས་ཤུགས་གཙོ་བོ་ཞིག་ཡིན་པ་མ་ཟད། འབྱུང་འགྱུར་མཁའ་དབྱིངས་དབང་དུ་བསྡུ་བའི་སྟོབས་ཤུགས་གལ་ཆེན་ཞིག་ཀྱང་ཡིན་པ་རེད། མཁའ་དམག་གིས་འཕུར་སྐྱོད་སློབ་མ་བསྡུ་བར"ཕྱོགས་ཡོངས་ཕུལ་དུ་བྱུང་ལ། དྲང་བདེན་དྲང་གཞག་ཡིན་པ། འཇོན་ནུས་ལ་ཁག་ཐེག"བཅས་ཀྱི་རྩ་དོན་རྒྱུན་འཁྱོངས་བྱས་ནས། རིག་གནས་དང་ལུས་པོ། སེམས་ཁམས"ཕྱོགས་གསུམ་ལེགས་པོ"དང"ཕྱོགས་གཉིས་ཕུལ་བྱུང་།" "ཕྱོགས་གཅིག་འབུར་ཐོན"བཅས་ཀྱི་གོ་རིམ་ལ་གཞིགས་ནས་བསྡུ་ལེན་བྱེད་པ་དང་། ལུས་པོའི་ཆ་རྐྱེན་བཟང་ལ། སེམས་ཁམས་ཀྱི་བྱང་ཚད་བཟང་བ། མཐོ་རྒྱུགས་ཀྱི་ཡིག་ཚད"རིམ་པ་དང་པོར"སོན་ཐུབ་པའི་མི་སྣའི་ཁྲོད་ཀྱི་མཐོ་འབྲིང་ལོ་རིམ་གསུམ་པའི་སློབ་མ་ཚང་མ་ཐེངས་འདིའི་བརྟག་ཞིབ་ནང་ཞུགས་ཆོག་པ་རེད།
     ཉེ་བའི་ལོ་ཤས་རིང་། མཁའ་དམག་གིས་རྒྱལ་ཁབ་སྟོབས་ལྡན་དང་དམག་དཔུང་སྟོབས་ལྡན་གྱི་དམིགས་འབེན་མངོན་འགྱུར་ཡོང་པར་དམིགས་ནས། བསྟུད་མར་འཕུར་སྐྱོད་མི་སྣ་བསྡུ་ལེན་བྱེད་ཐབས་ལ་སྒྱུར་བཅོས་གཏིང་ཟབ་བྱས་ཏེ་ལས་ཀ་བསྒྲུབ་ཐབས་མུ་མཐུད་གསར་གཏོད་བྱས་སྟབས། འཕུར་སྐྱོད་སློབ་མ་བསྡུ་ཁོངས་རིམ་པ་ཇེ་མཐོར་ཕྱིན་ཡོད་ལ། བསྡུ་ལེན་བྱེད་པའི་ཆ་རྐྱེན་ཡང་ཇེ་མཐོར་བཏང་བ། བསྡུ་བའི་ས་ཁྱོན་ཡང་ཇེ་ཆེར་བཏང་ཡོད། 2017ལོར། མཁའ་དམག་གིས་ཐོག་མར་བོད་རང་སྐྱོང་ལྗོངས་ནས་ཚོད་ལྟའི་ཚུལ་དུ་འཕུར་སྐྱོད་པ་བསྡུ་ལེན་བྱས་ནས་གྲངས་ཉུང་མི་རིགས་ཀྱི་འཕུར་སྐྱོད་མི་སྣ་དཔྱད་འདེམས་གསོ་སྐྱོང་བྱས་ཏེ་མཁའ་དམག་གི་འཕུར་སྐྱོད་མི་སྣ་བསྡུ་ལེན་གྱི་ཁྱབ་ཁོངས་དེ་སྐམ་ས་ཆེ་མོའི་ས་ཁུལ་ཚང་མར་ཁེབས་པའང་བྱེད་རྒྱུ་ཡིན་པ་རེད།


འབྲེལ་ཡོད་འོས་སྦྱོར།