ཞིན་ཧེའི་མི་རིགས་སློབ་འབྲིང་གཉིས་པས་དམངས་ཁྲོད་རིག་གནས་སློབ་རར་འདྲེན་པ་དང་ལོ་སར་བསུ་བའི་བྱ་འགུལ་སྤེལ།
རྩོམ་པ་པོ།:ཆོས་སྐྱོང་རྒྱལ།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2017-01-04
ཀློག་གྲངས།:

ཞིན་ཧེ་རྫོང་མི་རིགས་སློབ་འབྲིང་གཉིས་པས་དམངས་ཁྲོད་རིག་གནས་སློབ་རར་འདྲེན་པ་དང་ལོ་སར་བསུ་བའི་བྱ་འགུལ་སྤེལ་བ།
སྤྱི་ལོ2016ལོའི་ཟླ12ཚེས31ཉིན་གྱི་སྔ་དྲོའི་དུས་ཚོད10དང་ཕྱེད་ཀའི་སྟེང་། ཞིན་ཧེ་རྫོང་མི་རིགས་སློབ་འབྲིང་གཉིས་པས་དམངས་ཁྲོད་རིག་གནས་སློབ་རར་འདྲེན་པ་དང་། སྤྱི་ལོའི་ལོ་སར་བསུ་བའི་སྐབས་བཞི་བའི་སློབ་རའི་རིག་གནས་སྒྱུ་རྩལ་དུས་ཆེན་གྱི་བྱ་འགུལ་དེ་རྫོང་སྲིད་གཞུང་གི་དུང་དཀར་ཐང་ཆེན་དུ་སྤེལ།

གླུ་གར་ལ་རོལ་བའི་མགོ་ཁྲིད་རྣམ་པ།

ལྟད་མོ་བའི་ཚོགས།
སྤྱི་ལོ2013ལོའི་ཟླ9བར་ཞིན་ཧེ་རྫོང་མི་རིགས་སློབ་འབྲིང་གཉིས་པ་གསར་དུ་ཚུགས་པ་ནས་ལོ་རེ་བཞིན་སློབ་རའི་རིག་གནས་སྒྱུ་རྩལ་དུས་ཆེན་རིམ་པར་སྤེལ་ཞིང་། ད་ལྟ་སྐབས་བཞི་བར་སླེབས་ཡོད་པ་དང་། ད་རེས་ཀྱི་སློབ་རའི་རིག་གནས་སྒྱུ་རྩལ་དུས་ཆེན་སྐབས་བཞི་བའི་བརྗོད་དོན་གཙོ་བོ་ནི༼དམངས་ཁྲོད་རིག་གནས། དུས་བསྟུན་མདུན་སྐྱོད༽ཅེས་པ་ཡིན།
ཉམས་འགྱུར་སྟོང་གི་སྟངས་སྟབས།

སྲིད་པའི་གཏམ་གྱི་བང་མཛོད།

དམངས་སྲོལ་གཉེན་གྱི་ཆོ་ག

གླིང་སྒྲུང་འཛམ་གླིང་རྒྱན་གཅིག

སྒྲ་སྙན་བཀྲ་ཤིས་རྒྱལ་པོ།
དེ་ཡང་སྲོལ་རྒྱུན་རིག་གནས་སློབ་གྲྭར་འདྲེན་པའི་དམིགས་ཡུལ་དང་དགོས་པ་ནི། སྲོལ་རྒྱུན་རིག་གནས་ནི་མི་རིགས་སློབ་གསོའི་སྲོག་ཡིན་པ་དང་།སྲོལ་རྒྱུན་རིག་གནས་ལ་མི་རིགས་ཀྱི་རྣམ་ཤེས་ཡོད་པ།མི་རིགས་ཀྱི་ཁྱད་ཆོས་འཛོམས་པས།མི་རིགས་སློབ་གསོའི་བྱ་བ་སྒྲུབ་ན་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་དར་སྤེལ།གསར་གཏོད་བྱས་ཏེ་མི་རིགས་ཀྱི་ཁྱད་ཆོས་འཛོམས་པ།འཛམ་གླིང་ལ་ཁ་ཕྱོགས་པ། མ་འོངས་པ་གནད་དུ་འཛིན་ཆེད་ཡིན་ལ།ང་ཚོས་སྲོལ་རྒྱུན་རིག་གནས་སློབ་གྲྭར་དྲངས་ནས་འཛིན་སྐྱོང་སྤེལ་གསུམ་བྱས་ན་དགོས་པ་ཆེན་པོ་ལྔ་ཡོད་པར་འདོད་དེ།མི་རིགས་སློབ་གསོའི་སྲོག་རྙེད་པ་དང་།སྤྲོ་སྣང་སློབ་གསོའི་ཐབས་རྩལ་ལྡན་པ།རང་གི་དཔལ་ཡོན་ངོ་འཕྲོད་པ། བཟང་སྤྱོད་གསོ་སྐྱོང་གི་ཕན་ནུས་ལྡན་པ།འཇོན་ནུས་སྐྱེད་སྲིང་གི་རིན་ཐང་ཡོད་པ་བཅས་ཡིན།

དགའ་སྤྲོའི་མཉམ་པར།
མདོར་ན། རང་གི་ཕ་མེས་ཀྱིས་བསྐྲུན་པའི་ནང་བསམ་བློའི་དཔལ་ཡོན་དང་། ཕྱི་དངོས་པོའི་དཔལ་ཡོན་གཉིས་ཀྱི་རིན་ཐང་རྟོགས་པར་བྱས་ནས་འཛིན་སྐྱོང་སྤེལ་གསུམ་ལ་བརྩོན་པ་དང་། འདི་ལས་མི་རིགས་ཀྱི་དཔལ་ཡོན་ལྡན་པའི་སློབ་གསོ་ཞིག་བསྐྲུན་པ་དང་། གཞན་གྱི་ལེགས་ཆ་བླངས་ནས་རང་གི་རྒྱལ་ཁབ་དང་རང་མི་རིགས་ཐུན་མོང་མ་ཡིན་པ་དང་། ཁྱད་དུ་འཕགས་པ་ཞིག་བསྐྲུན་པ་ལ་འབད་བརྩོན་བྱ་རྒྱུ་དེ་ཡིན།