logo

རྒྱལ་ཡོངས་བོད་རིག་པའི་རྩོམ་སྒྲིག་པའི་གསོ་སྦྱོང་སློབ་མགོ་ཚུགས་པ།

རྩོམ་པ་པོ།:མི་གསལ། ཡོང་ཁུངས།:མཚོ་ལྷོ་བོད་ཡིག་ཚགས་པར། དུས་ཚོད།:2016-12-15 ཀློག་གྲངས།:


རྒྱལ་ཡོངས་བོད་རིག་པའི་རྩོམ་སྒྲིག་པའི་གསོ་སྦྱོང་སློབ་མགོ་ཚུགས་པ།

     རྒྱལ་ཡོངས་བོད་རིག་པའི་རྩོམ་སྒྲིག་པའི་གསོ་སྦྱོང་འཛིན་གྲྭ་སྐབས་དང་པོ་ཀྲུང་གོ་བོད་རིག་པའི་ཞིབ་འཇུག་ལྟེ་གནས་སུ་སློབ་མགོ་ཚུགས་པ་རེད།  ད་ཐེངས་ཀྱི་གསོ་སྦྱོང་འཛིན་གྲྭ་ནི་ཀྲུང་གོ་བོད་རིག་པའི་ཞིབ་འཇུག་ལྟེ་གནས་ཀྱི་ཚན་ཞིབ་གཞུང་དོན་ཁང་དང་པེ་ཅིན་གྲོང་ཁྱེར་གསར་འགྱུར་དཔེ་སྐྲུན་དང་རླུང་འཕྲིན་གློག་བརྙན་བརྙན་འཕྲིན་ཅུས་ཀྱི་མི་ཤུགས་ཐོན་ཁུངས་ལྟེ་གནས་ཀྱིས་མཉམ་དུ་གཉེར་བ་དང་གསོ་སྦྱོང་དུས་ཡུན་ཉིན་གསུམ་བྱ་རྒྱུ་རེད།  བོད་ལྗོངས་དང་། མཚོ་སྔོན། ཀན་སུའུ། པེ་ཅིང་སོགས་ཞིང་ཆེན་དང་རང་སྐྱོང་ལྗོངས་ཀྱི་རྩོམ་སྒྲིག་པ32ཀྱིས་བོད་རིག་པ་དང་གསར་འགྱུར་དཔེ་སྐྲུན་གྱི་ཆེད་ལས་ཤེས་བྱའི་གསོ་སྦྱོང་ནང་ཞུགས་ཡོད།


གསོ་སྦྱོང་ཡུལ་དངོས།

     མིག་སྔར་རྒྱལ་ཡོངས་སུ་བོད་རིག་པའི་རིགས་ཀྱི་དཔེ་སྐྲུན་ཁང་དང་རིག་གཞུང་དུས་དེབ་བཅུ་ཕྲག་ལྷག་ཙམ་ཡོད་པའི་ཁྲོད་བོད་ཡིག་པར་སྐྲུན་ཡིག་རིགས་དཔེ་སྐྲུན་བྱེད་མཁན་དཔེ་སྐྲུན་ཁང8དང་བོད་ཡིག་གི་རིག་གཞུང་དུས་དེབ20ལྷག་ཙམ་ཡོད་པ་རེད། རྒྱལ་ཡོངས་སུ་བོད་རིག་པའི་པར་སྐྲུན་ཡིག་རིགས་ཀྱི་རྩོམ་སྒྲིག་པའི་དཔུང་ཁག་ཏུ་མི་སྟོང་ཕྲག་ཙམ་ཡོད་པ་རེད།
     རྩོམ་སྒྲིག་པ་ནི་ཚན་ཞིབ་གྲུབ་འབྲས་ཀྱི་འགག་སྒོ་སྲུང་མཁན་ཞིག་ཡིན།  བོད་རིག་པའི་ཆེད་ལས་དང་ལུགས་མཐུན་གྱི་འགག་སྒོ་སྲུང་མཁན་ཞིག་ཡིན་པའི་ངོས་ནས་མིག་རྣོ་པོ་ཞིག་ཡོད་པ་བྱས་ཏེ་ཕྱོགས་གཉིས་ཀྱི་འགག་སྒོ་ཡག་པོ་སྲུང་དགོས་པ་སྟེ།  གཅིག་ནས་ནང་དོན་གྱི་འགག་སྒོ་ཡག་པོ་སྲུང་དགོས། སྲིད་ཇུས་སྣ་ཚོགས་ཁོང་དུ་ཆུད་པ་དང་།  བོད་རིག་པའི་ཁྱབ་ཁོངས་ཁག་གི་ནང་དོན་ཤེས་རྟོགས་ཐུབ་པ།  ཤེས་རྒྱ་ཡངས་པ་བཅས་བྱུང་ཚེ་གཞི་ནས་ནང་དོན་གྱི་འགག་སྒོ་ཡག་པོ་སྲུང་ཐུབ་པ་དང་།  གཉིས་ནས་ཡིག་རིགས་ཀྱི་འགག་སྒོ་ནན་པོ་སྲུང་དགོས།  གཟབ་ནན་ཞིབ་ཚགས་དང་།  རྩོམ་སྒྲིག་པའི་ལས་སྒོ་ཁོང་དུ་ཆུད་པ།  ཡག་ཐོག་ཡག་བརྩེགས་ཡོང་བ་བཅས་བྱས་ཚེ་གཞི་ནས་ཡིག་རིགས་ཀྱི་འགག་སྒོ་ཡག་པོ་སྲུང་ཐུབ།  བོད་རིག་པའི་ཆེད་ལས་དཔེ་སྐྲུན་ཁང་དང་དུས་དེབ་ཁང་གི་རྩོམ་སྒྲིག་པ་ཞིག་ཡིན་ཚེ་བོད་རིག་པའི་ཆེད་ལས་དང་གསར་འགྱུར་དཔེ་སྐྲུན་ཆེད་ལས་ཀྱི་ཤེས་བྱའི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་དགོས།


གསོ་སྦྱོང་འཛིན་གྲྭའི་མཉམ་པར།

     ད་ཐེངས་ཀྱི་གསོ་སྦྱོང་འཛིན་གྲྭར་རིགས་གཅིག་མཁས་ཅན་དྲུག་གིས་ཕུལ་བྱུང་རྩོམ་སྒྲིག་པ་ཞིག་ནི་ཤེས་བྱ་སྣ་ཚོགས་ལ་མཁས་ཤིང་རིགས་གཅིག་མཁས་ཅན་ཡང་ཡིན་དགོས་པ་དང་།  བོད་ཀྱི་བོད་སྐད་ཡིག་གི་ཁྲིམས་འཛུགས་དང་དེ་བཞིན་སྐད་ཡིག་ཁེ་དབང་སྲུང་སྐྱོང་། བོད་ལྗོངས་དང་ཞིང་ཆེན་བཞིའི་བོད་རིགས་ས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས།  པར་སྐྲུན་ཡིག་རིགས་དང་འབྲེལ་བའི་མི་རིགས། ཆོས་ལུགས་གནད་དོན། རིག་གཞུང་དུས་དེབ་གྲངས་གཞི་ཅན་གྱི་པར་དབང་སྲུང་སྐྱོང་དང་པར་དབང་གཉེར་སྐྱོང་།  སྣང་མེད་དུ་ཤོར་སྲིད་པའི་རྩོམ་སྒྲིག་དང་པར་ཞུས་ཤེས་བྱ་སོགས་ཀྱི་ནང་དོན་ནས་བོད་རིག་པ་དང་གསར་འགྱུར་དཔེ་སྐྲུན་དང་འབྲེལ་བ་ཡོད་པའི་ཆེད་ལས་ཤེས་བྱ་གསོ་སྦྱོང་བྱ་རྒྱུ་རེད།།


འབྲེལ་ཡོད་འོས་སྦྱོར།