ཐེམ་ཆེན་རྫོང་མི་རིགས་སློབ་ཆུང་གཉིས་པས་སྲོལ་རྒྱུན་ལག་ཤེས་མཛེས་རྩལ་འགྲན་སྡུར་གྱི་བྱ་འགུལ་སྤེལ་བ།
རྩོམ་པ་པོ།:བོང་སྟག་རི་ལུ།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2016-12-01
ཀློག་གྲངས།:
ཐེམ་ཆེན་རྫོང་མི་རིགས་སློབ་ཆུང་གཉིས་པས་སྲོལ་རྒྱུན་ལག་ཤེས་མཛེས་རྩལ་འགྲན་སྡུར་གྱི་བྱ་འགུལ་སྤེལ་བ།
སྲོལ་རྒྱུན་ལག་ཤེས་རིག་གནས་ནི་ཡབ་མེས་རྣམས་ཀྱིས་ལོ་རྒྱུས་བཤུལ་ལམ་ཁྲོད་བཞག་པའི་འཚོ་གནས་ཀྱི་ཉིང་བཅུད་ཅིག་ཡིན་པས། ཉེ་ཆར། ཐེམ་ཆེན་རྫོང་མི་རིགས་སློབ་ཆུང་གཉིས་པས་བོད་ཀྱི་སྲོལ་རྒྱུན་རིག་གནས་མ་ཉམས་གོང་སྤེལ་དང་ཉམས་པ་སླར་གསོའི་ཚུལ་དུ་སྲོལ་རྒྱུན་ལག་ཤེས་མཛེས་རྩལ་འགྲན་བསྡུར་གྱི་བྱ་འགུལ་ཞིག་སྤེལ། བྱ་འགུལ་ཁྲོད་འགྲན་ཞུགས་སློབ་མའི་བརྩམས་ཆོས20ལྷག་འགྲེམས་སྟོན་བྱས་ཏེ་སློབ་གྲྭའི་དགེ་སློབ་ཡོངས་དང་ཁྱིམ་བདག་རྣམས་ཀྱི་གཟིགས་མོར་བཀྲམས་པས་དགའ་བསུ་ཚད་མེད་ཐོབ།
སློབ་མར་གཟེངས་རྟགས་གནང་བཞིན་པ།
འབྲེལ་ཡོད་འོས་སྦྱོར།