logo

གསེར་ཆེན་རྫོང་གི་མཁར་བྱང་གཞིས་ཁུལ་གསར་པར་ལོ་དགུའི་མུ་གཅིག་སློབ་གྲྭ་འཛུགས་རྒྱུ་ཡིན་པ།

རྩོམ་པ་པོ།:མི་གསལ། ཡོང་ཁུངས།:མཚོ་ལྷོ་བོད་ཡིག་ཚགས་པར། དུས་ཚོད།:2016-11-24 ཀློག་གྲངས།:

གསེར་ཆེན་རྫོང་གི་མཁར་བྱང་གཞིས་ཁུལ་གསར་པར་ལོ་དགུའི་མུ་གཅིག་སློབ་གྲྭ་འཛུགས་རྒྱུ་ཡིན་པ།

     ཉེ་ཆར།  མི་རིགས་ལོ་དགུའི་མུ་གཅིག་ལམ་ལུགས་སློབ་གྲྭའི་འཛུགས་སྐྲུན་མཛད་སྒོ་གུང་ཧོ་རྫོང་གི་མཁར་བྱང་གསར་ཁུལ་དུ་བསྡུས།  
     ཆབ་ཆ་གྲོང་རྡལ་མཁར་བྱང་གསར་ཁུལ་གྱི་མི་རིགས་ལོ་དགུའི་མུ་གཅིག་ལམ་ལུགས་སློབ་གྲྭའི་སྤྱིའི་བཟོ་སྐྲུན་ལ་འཆར་གཞིར་མ་དངུལ་སྒོར་ཁྲི8173གཏོང་རྩིས་ཡོད་པ་དང་། འཆར་གཞིར་སའི་རྒྱ་ཁྱོན་ས་མུའུ་ཧ་ལམ76དང་། སྤྱིའི་འཛུགས་སྐྲུན་གྱི་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ19070ཡོད་ལ། དེའི་ནང་སློབ་ཁྲིད་ཐོག་ཁང་དང་རྩལ་སྦྱོང་ར་བ། དགེ་བཟོ་བའི་མལ་ཁང་། ཟ་ཁང་སོགས་བསྐྲུན་འཆར་ཡོད། སྔོན་རྩིས་བྱས་པ་ལྟར་ན་འཛུགས་སྐྲུན་ལས་ཡུན་ལོ2ཡིན་ལ། སློབ་གྲྭ་དེ་འཛུགས་སྐྲུན་བྱས་ཚར་རྗེས་སློབ་མ1500ལྷག་ཙམ་བསྡུ་ལེན་བྱེད་ཐུབ་པ་རེད།
     རྒྱུས་ལོན་བྱུང་བ་ལྟར་ན། སློབ་གྲྭ་དེ2018ལོའི་ཟླ7པར་ལས་གཞིའི་འཛུགས་སྐྲུན་ལེགས་འགྲུབ་བྱུང་ཐུབ་པ་དང་། ཟླ9བ་ནས་བཟུང་སློབ་མ་བསྡུ་ལེན་བྱས་ཏེ་སློབ་ཁྲིད་བྱེད་མགོ་བརྩམ་ཐུབ་རྒྱུ་རེད།


སློབ་ཁྲིད་ཐོག་ཁང་གི་ཇུས་འགོད་རི་མོ།

རྩལ་སྦྱོང་ར་བའི་ཇུས་འགོད་རི་མོ།

དགེ་བཟོ་བའི་བྱ་འགུལ་ཁང་དང་གསོལ་ཁང་གི་ཇུས་འགོད་རི་མོ།

དགེ་བཟོ་བའི་མལ་ཁང་གི་ཇུས་འགོད་རི་མོ།


འབྲེལ་ཡོད་འོས་སྦྱོར།