《 སཾ་བོད་རྒྱ་སོག་བཞི་ཤན་སྦྱར་གྱི་ཚིག་མཛོད》 འགྲེམས་སྤེལ་བྱས་པ།
རྩོམ་པ་པོ།:མི་གསལ།
ཡོང་ཁུངས།:མི་དམངས་དྲ་བ།
དུས་ཚོད།:2016-11-24
ཀློག་གྲངས།:
《 སཾ་བོད་རྒྱ་སོག་བཞི་ཤན་སྦྱར་གྱི་ཚིག་མཛོད》 འགྲེམས་སྤེལ་བྱས་པ།
ཟླ11ཚེས18ཉིན་གྱི་ཕྱི་དྲོར། མི་རིགས་དཔེ་སྐྲུན་ཁང་གིས་པར་སྐྲུན་བྱས་པའི《 སཾ་བོད་རྒྱ་སོག་བཞི་ཤན་སྦྱར་གྱི་ཚིག་མཛོད 》དེ་པེ་ཅིང་གྲོང་ཁྱེར་དུ་འགྲེམས་སྤེལ་མཛད་སྤེལ་བ་རེད། སོག་རིགས་མཁས་པ་ཇོ་རི་ཀེ་ཐུ་དང་ཝུ་རི་གེན་སེང་གེ་གཉིས་ཀྱིས་བསྡུ་སྒྲིག་བྱས་པའི《 སཾ་བོད་རྒྱ་སོག་བཞི་ཤན་སྦྱར་གྱི་ཚིག་མཛོད》 ནི་སྐད་རིགས་མང་འདུས་ཀྱི་བརྩམས་ཆོས་ཆེན་པོ་ཞིག་ཡིན་ཞིང་། ཚིག་མཛོད་པར་མ་ཕུལ་དུ་བྱུང་བ་དེ་མ་དཔེ་བྱས་པ་དང་། 《 བོད་རྒྱ་ཚིག་མཛོད་ཆེན་མོ》 གསར་ཤོས་དང་དུས་རབས་རིམ་བྱུང་གི་ཚིག་མཛོད་ཡིག་ཆ་གཉིས་དཔྱད་གཞིར་བཟུང་བས་མིང་ཚིག་སུམ་ཁྲི་ལྷག་ཙམ་འདུས་ཡོད་པ་མ་ཟད། དོན་འགྲེལ་ཡང་ཞིབ་ཕྲ་བྱས་ཡོད་པ་རེད།
《 སཾ་བོད་རྒྱ་སོག་བཞི་ཤན་སྦྱར་གྱི་ཚིག་མཛོད》
འབྲེལ་ཡོད་འོས་སྦྱོར།