མང་རྫོང་མི་རིགས་སློབ་འབྲིང་གིས་2016ལོའི་ཁྱིམ་བདག་ཚོགས་འདུ་བསྡུས་པ།
རྩོམ་པ་པོ།:ཚེ་རིང་འབུམ།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2016-11-23
ཀློག་གྲངས།:
མང་རྫོང་མི་རིགས་སློབ་འབྲིང་གིས་2016ལོའི་ཁྱིམ་བདག་ཚོགས་འདུ་བསྡུས་པ།
གདན་ཞུའི་དཔང་ཡིག
རེབ་འདིའི་ཚོགས་འདུ་ལ་སློབ་གཙོ་དགྲ་འདུལ་རྒྱལ་གྱིས་མདོ་འཛིན་བྱས་ཤིང་། ཁོང་གིས་རང་སློབ་གྲྭས་ཁྱིམ་བདག་ཚོགས་འདུ་འདི་འདྲ་ཞིག་འཚོགས་པའི་དགོས་པ་དང་དམིགས་ཡུལ། ཕན་ནུས་ལ་སོགས་པ་ངོ་སྤྲོད་བྱས། དེར་མཐུད་ནས་སློབ་གཙོ་རྒན་པ་གཡང་སྐྱབས་རྒྱལ་གྱིས་སློབ་གྲྭ་དང་ཁྱིམ་ཚང་གི་སློབ་གསོ་མཉམ་འབྲེལ་དང་ཕན་ཚུན་རོགས་འདེགས་སྐོར་གྱི་གསུང་བཤད་གནང་བ་དང་། མང་རྫོང་མི་དམངས་ཞིབ་དཔྱོད་ཁང་གི་མགོ་གཙོ་ཚེ་དབང་རིག་འཛིན་གྱིས་སློབ་གྲྭ་ཁྲིམས་ལྟར་སྐྱོང་བ་དང་ཁྲིམས་མཐུན་སྒོས་སློབ་གྲྭ་དང་ཁྱིམ་ཚང་བར་གྱི་གནད་དོན་ཐག་གཅོད་བྱེད་སྟངས་སྐོར་ནས་གསུང་བཤད་གནང་། མང་རྫོང་སློབ་གསོ་ཅུ་ཡི་ཅུའུ་ཀྲང་གཞོན་པ་རྒྱལ་འབུམ་ཐར་གྱིས་སློབ་གྲྭའི་སློབ་གསོའི་སྐོར་ནས་ཁ་བརྡ་བྱས་པ་རེད། མཇུག་མཐར་རྫོང་དཔོན་གཞོན་པ་འབྲུག་འབུམ་རྒྱལ་གྱིས་དགེ་རྒན་ལ་བཀུར་ཞིང་སློབ་གསོ་ལ་མཐོང་ཆེན་བྱེད་དགོས་པའི་གལ་ཆེན་རང་བཞིན་གྱི་གསུང་བཤད་གནང་དེ་ཚོགས་འདུ་རྒྱལ་ཁའི་ངང་མཇུག་སྒྲིལ་བ་རེད།ཚོགས་རའི་ཟུར་ཞིག
ཚོགས་འདུའི་ཐོག མང་རྫོང་མི་རིགས་སློབ་འབྲིང་གི་ཁྱིམ་བདག་ཨུ་ཡོན་ཚོགས་པ་བཙུགས་ཏེ། ཚོགས་གཙོ་དང་ཚོགས་གཙོ་གཞོན་པ། ཚོགས་མི་སོགས་གཏན་འཁེལ་བྱས་པ་མ་ཟད། ད་དུང་མང་རྫོང་མི་རིགས་སློབ་འབྲིང་གི་ཁྱིམ་བདག་ཨུ་ཡོན་ཚོགས་པའི་སྒྲིག་སྲོལ་གཏན་འབེབས་བྱས་པ་རེད།
མང་རྫོང་མི་རིགས་སློབ་འབྲིང་གི་ཁྱིམ་བདག་ཨུ་ཡོན་ཚོགས་པར་གདན་ཞུའི་དཔང་ཡིག་གནང་གིན་པ།
མང་རྫོང་མི་རིགས་སློབ་འབྲིང་གི་ཁྱིམ་བདག་ཨུ་ཡོན་ཚོགས་པ།
མང་རྫོང་མི་རིགས་སློབ་འབྲིང་གི་ཁྱིམ་བདག་ཨུ་ཡོན་ཚོགས་པའི་སྒྲིག་སྲོལ་ལ་ནང་དོན་བཞི་ཡོད་པ་སྟེ། དང་པོ། ཁྱིམ་བདག་ཨུ་ཡོན་ཚོགས་པའིོ་འོས་འགན། གཉིས་པ། ཁྱིམ་བདག་ཨུ་ཡོན་ཚོགས་པའི་ནུས་པ། གསུམ་པ། ཁྱིམ་བདག་ཨུ་ཡོན་ཚོགས་པའི་འགན་འཁྲི། བཞི་བ། ཁྱིམ་བདག་ཨུ་ཡོན་ཚོགས་པའི་དབང་ཆ་བཅས་སོ། །
ཚོགས་པའི་སྒྲིག་སྲོལ་དང་ཚོགས་མའི་དབང་ཆ།
སྤྱིར་སློབ་མ་ཞིག་ལུས་སེམས་བདེ་ཐང་ངང་འཚར་ལོངས་འབྱུང་རྒྱུ་དེ་ནི་སློབ་གྲྭ་དང་དགེ་རྒན་གཅིག་པུའི་འགན་ཁུར་མ་ཡིན་ལ། དེ་ནི་དགེ་རྒན་དང་སློབ་གྲྭ་གཅིག་པུས་ནུས་པ་ཞིག་ཀྱང་མ་ཡིན་པས་ན། སློབ་གྲྭ་དང་དགེ་རྒན། ཁྱིམ་བདག་གསུམ་ཆའི་མཉམ་འབྲེལ་ནི་སློབ་མའི་ཕྱོགས་ཡོངས་འཕེལ་རྒྱས་ཀྱི་འགག་རྩར་གྱུར་བ་རེད། དེ་བས། རང་སློབ་གྲྭས་ཁྱིམ་བདག་ཚོགས་ཆེན་འདི་འདྲ་ཚོགས་པ་དང་། དུས་ཡུན་ཧ་ཅང་ཐུང་ངུ་ཞིག་གི་ནང་དུ་ཕན་ཚུན་བསམ་བློ་བརྗེ་རེས་དང་ཉམས་མྱོང་བགྲོ་གླེང་བྱེད་དགོས་བྱུང་བ་རེད། དེས་ཀྱང་རྗེས་མར་དགེ་རྒན་དང་སློབ་མ། ཁྱིམ་བདག་སུམ་སྦྲེལ་གྱིས་མང་རྫོང་མི་རིགས་སློབ་འབྲིང་གི་སློབ་གསོ་དོ་དམ་དང་སློབ་ཁྲིད་དོ་དམ་གྱི་ཕྱོགས་སུ་ནུས་པ་བླ་ལྷག་གིས་འབྱུང་བ་གདོན་མི་ཟའོ།།
འབྲེལ་ཡོད་འོས་སྦྱོར།