logo

ནག་ཆུའི་བྱིས་གསོ་ཁང་དང་པོས་སྲོལ་རྒྱུན་ཡིག་གཟུགས་སྦྱོང་བའི་བྱེད་སྒོ་སྤེལ་བ།

རྩོམ་པ་པོ།:དབང་འདུས་སྐྱབས། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2016-11-11 ཀློག་གྲངས།:


ནག་ཆུའི་བྱིས་གསོ་ཁང་དང་པོས་སྲོལ་རྒྱུན་ཡིག་གཟུགས་སྦྱོང་བའི་བྱེད་སྒོ་སྤེལ་བ།

     ཡི་གེའི་འབྲི་སྲོལ་ཏེ་ཡིག་གཟུགས་ནི་དུས་ཀྱི་འཕེལ་འགྲོས་དང་བསྟུན་ནས་ཡིག་མཁན་རྣམས་ཀྱི་སོར་མོའི་འདུ་བྱེད་ཀྱི་རྩལ་ལ་བརྟེན་ནས་བྱུང་བ་ཞིག་ཡིན། ལྷག་པར་དུ་ཡིག་གཟུགས་ནི་བོད་སྐད་ཡིག་སློབ་སྦྱོང་ཁྲོད་དུ་མེད་དུ་མི་རུང་བའི་གནས་བབས་ཤིག་ཏུ་སླེབས་ཡོད་།


བྱིས་པ་ཚོས་སྦྱང་ཤིང་སྟེང་ཡིག་གཟུགས་སྦྱོང་བཞིན་པ།

     ཉེ་ཆར་ནག་ཆུ་ས་གནས་བྱིས་གསོ་ཁང་དང་པོས་བོད་སྐད་ཡིག་སྲོལ་རྒྱུན་ཡིག་གཟུགས་སྦྱང་རིམ་ལྟར་བྱིས་པ་རྣམས་ལ་སྦྱང་ཤིང་སྟེང་དུ་ཡིག་གཟུགས་སློབ་སྦྱོང་བྱེད་པའི་བྱེད་སྒོ་ཞིག་སྤེལ་ཡོད། དེ་ལྟར་སྤེལ་བའི་རྒྱུ་མཚན་ནི་བྱིས་པ་རྣམས་ཆུང་དུས་ནས་བཟུང་རང་རིགས་ཀྱི་སྐད་ཡིག་གམ་ཡིག་གཟུགས་འདི་ཉིད་དགའ་པོ་ཡོང་བ་དང་དོ་སྣང་ཡོང་བའི་ཆེད་དུ་ཡིན། དེ་བཞིན་དུ་ས་གནས་བྱིས་གསོ་ཁང་གི་ཡང་དག་པའི་དབུ་ཁྲིད་འོག་ཏུ་སྐད་གཉིས་སློབ་གསོ་གོང་འཕེལ་སྔར་བའི་གཏོང་ཆེད་དང་སློབ་གྲྭའི་བོད་སྐད་ཡིག་གི་སློབ་གསོ་ཡང་དག་པ་ཡོང་བའི་སླད་དུ་མི་རིགས་ཁྱད་ཆོས་ལྡན་པའི་བོད་ལུགས་སློབ་ཁང་དང་སློབ་གྲྭ་རང་གིས་པར་སྐྲུན་བྱས་པའི་བྱིས་སྐྱོང་སློབ་གཞི་སློབ་ཁྲིད་བྱེད་བཞིན་ཡོད། བྱིས་སྐྱོང་སློབ་གཞིའི་ནང་དུ་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་རྩེད་མོ་དང་ཁེད་སྒྲུང་གཏམ་སོགས་བྱིས་པ་ལ་ངོ་སྤྲོད་བྱེད་བཞིན་ཡོད། ཏང་གིས་ཡང་དག་པའི་མི་རིགས་སློབ་གསོ་འཕེལ་རྒྱས་སུ་གཏོང་ཆེད་བྱིས་གསོ་ཁང་འདི་ཉིད་ཀྱིས་ཐབས་བརྒྱ་ཇུས་སྟོང་གིས་སྒོ་ནས་བྱིས་པའི་ཆེད་དུ་འབད་འབུངས་གང་མང་བྱེད་བཞིན་ཡོད་།

 དགེ་རྒན་ཚོས་སྦྱང་ཤིང་སྟེང་ཡིག་གཟུགས་སྦྱོང་བཞིན་པ།

སློབ་གྲྭ་རང་གིས་བསྐྲུན་པའི་བྱིས་སྐྱོང་བསླབ་གཞི།

བོད་ལུགས་སློབ་ཁང་གི་བཀོད་པ།

མ་འོངས་པའི་བདག་པོ་ཆུང་ཆུང་ཚོ།


འབྲེལ་ཡོད་འོས་སྦྱོར།