མཚོ་ནུབ་ཁུལ་དུ་གཟུགས་འདས་ཤུལ་བཞག་རིག་གནས་རྒྱུད་འཛིན་གྱི་རྐང་འཛིན་མི་སྣའི་གསོ་སྦྱོང་འཛིན་གྲྭ་བསྡུས་པ།
རྩོམ་པ་པོ།:བཀྲ་ཤིས་རྒྱལ།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2016-11-10
ཀློག་གྲངས།:
མཚོ་ནུབ་ཁུལ་དུ་གཟུགས་འདས་ཤུལ་བཞག་རིག་གནས་རྒྱུད་འཛིན་གྱི་རྐང་འཛིན་མི་སྣའི་གསོ་སྦྱོང་འཛིན་གྲྭ་བསྡུས་པ།
ཉེ་ཆར། དམངས་ཁྲོད་ཀྱི་སྲོལ་རྒྱུན་རིག་གནས་དར་སྤེལ་དང་། ལྷག་ཏུ། གཟུགས་འདས་ཤུལ་བཞག་རིག་གནས་རྒྱུད་འཛིན་གྱི་རྐང་འཛིན་མི་སྣ་སྐྱེད་སྲིང་བྱེད་ཆེད། མཚོ་ནུབ་ཁུལ་རིག་གནས་ལུས་རྩལ་རྒྱང་སྒྲོག་བརྙན་འཕྲིན་ཅུའུ་ཡིས་གཙོ་སྒྲུབ་དང་། མཚོ་ནུབ་ཁུལ་རིག་གནས་ལུས་རྩལ་བྱ་འགུལ་ལྟེ་གནས་དང་མཚོ་ནུབ་ཁུལ་མང་ཚོགས་སྒྱུ་རྩལ་ཁང་གཉིས་ཀྱིས་འགན་སྒྲུབ་བྱས་པའི་གཟུགས་འདས་ཤུལ་བཞག་རིག་གནས་རྒྱུད་འཛིན་གྱི་རྐང་འཛིན་མི་སྣའི་གསོ་སྦྱོང་འཛིན་གྲྭ་དེ་ཐེམ་ཆེན་རྫོང་དུ་བསྡུས།བོང་སྟག་རི་ལུ་ཡིས་དམངས་སྲོལ་རིག་གནས་ཀྱི་དགེ་མཚན་གླེང་བཞིན་པ།
ཐེངས་འདིའི་གསོ་སྦྱོང་འཛིན་གྲྭ་ལ་མཚོ་ནུབ་བརྙན་འཕྲིན་ཁང་གི་རྒན་བོང་སྟག་རི་ལུ་དང་། རྨ་ལྷོ་ས་ཁུལ་གྱི་ཐང་གའི་སྒྱུ་རྩལ་བ་རྒན་དོན་གྲུབ་རྒྱལ་དང་རང་ས་ཁུལ་གྱི་ལག་ཤེས་བཟོ་ལས་ཀྱི་རྒན་པ་སྐོར་ཞིག་གདན་ཞུ་བྱས་ཏེ། བོང་སྟག་ཡུལ་གྱི་གཉེན་སྟོན་གྱི་ཁྱད་ཆོས་དང་། དེ་མིན་སྦྲ་ནག་བཟོ་ལས་དང་ཐང་གའི་སྒྱུ་རྩལ་སོགས་ཀྱི་ཕྱོགས་ནས་གསོ་སྦྱོང་བྱེད་རྩིས་ཡོད།སློབ་ཁྲིད་ལ་ཉན་བཞིན་པ།
ཐེངས་འདིའི་གསོ་སྦྱོང་འཛིན་གྲྭ་ལ་ན་གོར་མོ་གྲོང་ཁྱེར་དང་། གཏེར་ལམ་རྫོང་། ཐེམ་ཆེན་རྫོང་བཅས་ཀྱི་གཟུགས་འདས་ཤུལ་བཞག་རིག་གནས་རྒྱུད་འཛིན་གྱི་རྐང་འཛིན་མི་སྣ་དང་ཐེམ་ཆེན་རྫོང་ཁོངས་གཏོགས་ཀྱི་ཤང་སོ་སོའི་རིག་གནས་ཁང་གི་ལས་བྱེད་མི་སྣ་བཅས་མི་གྲངས་ལྔ་བཅུ་ལྷག་ཞུགས་ཡོད་ལ། ཉིན་བཞིའི་རིང་གི་དུས་ཚོད་བེད་སྤྱད་ནས་གཟུགས་འདས་ཤུལ་བཞག་རིག་གནས་རྒྱུད་འཛིན་སྐོར་གྱི་ལག་ལེན་དངོས་དང་འབྲེལ་བའི་སློབ་ཁྲིད་སྐོར་ཞིག་ཐེམ་ཆེན་རྫོང་གི་སྦྲ་ནག་རྒྱུད་འཛིན་ལྟེ་གནས་དང་དམར་ལྡན་རྒྱུད་འཛིན་ལྟེ་གནས་བཅས་ནས་སྤེལ་རྩིས་འདུགགཟུགས་འདས་ཤུལ་བཞག་རིག་གནས་རྒྱུད་འཛིན་གྱི་རྐང་འཛིན་མི་སྣའི་མཉམ་པར།
འབྲེལ་ཡོད་འོས་སྦྱོར།