logo

རྒན་ཀུན་བཟང་དོན་གྲུབ་ཀྱི་ཡིག་གཟུགས་འགྲེམ་སྟོན།

རྩོམ་པ་པོ།:མི་ཆུང་། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2016-10-26 ཀློག་གྲངས།:

 
རྒན་ཀུན་བཟང་དོན་གྲུབ་ཀྱི་ཡིག་གཟུགས་འགྲེམ་སྟོན།

     སྤྱི་ཟླ10བའི་ཚེས25ཉིན་གྱི་སྔ་དྲོར། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་མི་རིགས་མཐོ་རིམ་སློབ་འབྲིང་དང་པོའི་དགེ་རྒན་ཀུན་བཟང་དོན་གྲུབ་ལགས་ཀྱི《ཚངས་དབྱངས་རྒྱ་མཚོའི་མགུར་གླུ》གཙོར་བཟུང་བའི་བོད་ཀྱི་ཡིག་གཟུགས་འགྲེམ་སྟོན་དེ་མཚོ་ལྷོ་ཁུལ་དཔེ་མཛོད་ཁང་དུ་སྤེལ་བ་རེད།  ཐེངས་འདིའི་འགྲེམ་སྟོན་ནི་ཁུལ་རྩོམ་སྒྱུར་ལྷན་ཚོགས་དང་ཁུལ་ཡིག་གཟུགས་མཐུན་ཚོགས། ཁུལ་མི་རིགས་མཐོ་རིམ་སློབ་འབྲིང་དང་པོ་བཅས་ཀྱིས་གཙོ་སྒྲུབ་གནང་ཞིང་།  མཚོ་ལྷོ་ཁུལ་ཐོག་གི་བྲིས་པ་དང་ཡིག་གཟུགས་དགའ་མོས་ཅན། ཁུལ་མི་རིགས་མཐོ་རིམ་སློབ་འབྲིང་དང་པོ་དང་གསེར་ཆེན་རྫོང་མི་རིགས་སློབ་འབྲིང་། གསེར་ཆེན་རྫོང་མི་རིགས་ཆ་ཚང་སློབ་ཆུང་དང་པོའི་དགེ་རྒན་དང་སློབ་མ་བཞི་བརྒྱ་ལྷག་གཟིགས་མོར་ཕེབས་ཡོད།  ཡིག་གཟུགས་ལ་རིག་འཛིན་ཚངས་དབྱངས་རྒྱ་མཚོའི་མགུར་གླུ་ཆ་ཚང་དབུ་ཅན་གྱི་ལམ་ནས་བྲིས་པ་གཙོ་བཟུང་ཞིང།  གཞན་ཚུགས་ཆེན་དང་ཚུགས་ཆུང་། འབྲུ་ཚ་སོགས་བྲིས་གཟུགས་སྣ་ཚོགས་ཡོད་པ་མ་ཟད།  རྒྱ་ཡིག་གི་ཡིག་གཟུགས་ཀྱང་ཡོད་པ་རེད། 


འགྲེམ་སྟོན་གྱི་ཡུལ་དངོས།

འགྲེམ་སྟོན་གྱི་ཡུལ་དངོས།

འགྲེམ་སྟོན་གྱི་ཡུལ་དངོས།

འགྲེམ་སྟོན་གྱི་ཡུལ་དངོས།

བོད་ཀྱི་རྡུང་ལེན་པ་གྲགས་ཅན་དཔལ་མགོན་དང་གླུ་བ་གྲགས་ཆེན་གུ་རུ།


སློབ་མ་ཚོར་རང་མིང་འབྲི་བཞིན་པ།

ཡིག་གཟུགས་སྐོར་བགྲོ་གླེང་བྱེད་བཞིན་པ།

རྒན་ཀུན་བཟང་དོན་གྲུབ་ཀྱིས་ཡུལ་དངོས་ནས་ཕྱག་བྲིས་གནང་བཞིན་པ།

རྒན་སྙན་གྲགས་ལགས་ཀྱི་ཕྱག་བྲིས་གནང་བཞིན་པ།

རྒན་བླ་མ་ཚེ་རིང་ལགས་ཀྱིས་ཕྱག་བྲིས་གནང་བཞིན་པ།

སློབ་མས་ཡུལ་དངོས་ནས་འབྲི་བཞིན་པ།

འགྲེམ་སྟོན་བརྩམས་ཆོས།

འགྲེམ་སྟོན་བརྩམས་ཆོས།

འགྲེམ་སྟོན་བརྩམས་ཆོས།

འགྲེམ་སྟོན་བརྩམས་ཆོས།

རྒན་ཀུན་བཟང་དོན་གྲུབ་ལགས།

     བསེ་རུ་ནག་པོའམ་ཀུན་བཟང་དོན་གྲུབ། མདོ་སྨད་ཁྲི་ཀར་སྐྱེས། སྔ་ཕྱིར་མཚོ་ལྷོ་ཁུལ་མི་རིགས་དགེ་འོས་སློབ་གྲྭ་དང་མཚོ་སྔོན་མི་རིགས་སློབ་ཆེན་སོགས་སུ་སློབ་གཉེར་གནང་། སློབ་ཆུང་དང་དམའ་འབྲིང་། འབྲིང་རིམ་གྱི་དགེ་རྒན་དམ་པ་རྣམས་དང་། སྒོས་གུས་པར་བཀའ་དྲིན་མཚུངས་མེད་ཀྱི་དགེ་བའི་བཤེས་གཉེན་ཆེན་མོ་བཤད་སྒྲུབ་རྒྱ་མཚོ་ལགས་དང་། རྒྱལ་སྤྱིའི་བོད་རིག་པའི་ཆེད་མཁས་ཁང་དཀར་ཚུལ་ཁྲིམས་ལགས། བོད་ཀྱི་བརྡ་སྤྲོད་སྨྲ་བའི་དབང་པོ་རྒན་བདེ་མཆོག་ལགས། དགེ་བའི་བཤེས་གཉེན་ཆེན་མོ་རེབ་ས་འཇམ་དབྱངས་རྒྱ་མཚོ་ལགས། དྷཱིཿཚ་དགོན་ཆེན་གྱི་རབ་འབྱམས་པ་བསོད་ནམས་ཡེ་ཤེས་ལགས། དེང་རབས་བོད་ཀྱི་ལོ་རྒྱུས་སྨྲ་བ་རྒན་རྒྱལ་མོ་འབྲུག་པ་བཅས་ཀྱི་ཞལ་གྱི་པདྨོ་ནས་བོད་ཀྱི་བརྡ་སྤྲོད་དང་ལོ་རྒྱུས། སྙན་ངག་གཙོས་རིག་གནས་ཀྱི་སྦྲང་རྩི་གཞིབས་པའི་བགོ་སྐལ་ཐོབ།
     བྱིས་དུས་ནས་བོད་ཀྱི་རིག་གནས་སློབ་གཉེར་བྱས་ཙང་ཡིག་གཟུགས་ཀྱི་སྤྲོ་བའང་ངང་གིས་འཕེལ། ཡིན་ནའང་དགེ་རྒན་གྱི་མཛུབ་སྟོན་སོགས་མེད་པར་མི་ལོ་དུ་མར་རང་གི་འདོད་པ་ལྟར་གང་དྲན་དྲན་དུ་བྲིས་པས་བློ་བསྐྱེད་དང་འཕེལ་རྒྱས་ཆེར་འགྲོ་མ་ནུས། 2015ལོར་ལས་དང་སྐལ་བ་བཟང་པོའི་མཐུས་གཙང་བཀྲ་ཤིས་ལྷུན་དགོན་ནས་ཡིན་པའི་བོད་ཀྱི་བྲིས་པ་ཆེན་མོ་རྒན་ལྷ་ཁང • བློ་རྡོ་མཆོག་དང་། ཕོ་བྲང་པོ་ཏ་ལའི་རྒན་སྙེ • འཕྲིན་ལས་རྒྱལ་མཚན་མཆོག ཁམས་ཀྱི་མི་རྣམ་སྤྲུལ་སྐུ་མཆོག མགོ་ལོག་གི་རྒན་ངག་དབང་རྒྱ་མཚོ་མཆོག་བཅས་ཀྱི་མདུན་ནས་སོ་སོར་གཙང་བྲིས་ཚུགས་ཆེན་དང་ཚུགས་ཆུང་། ཚུགས་མ་ཐིག་གཅིག འཁྱུག སྙེ་བྲིས། གཞུང་བྲིས། ནང་བྲིས་ནོར་བུ་མ། བཀའ་བརྒྱུད་བྲབ་བྲིས། སྡེར་ནང་ས་བྲིས་བཅས་ཀྱི་བྲིས་རྒྱུན་དང་བྲིས་གཟུགས་ཀྱི་དབང་ལུང་ཁྲིད་གསུམ་གྱི་གདམས་པ་ཆ་ཚང་ཐོབ། ལྷག་དོན2015ལོའི་ཟླ11པ་ནས2016ལོའི་ཟླ་དང་པོའི་བར་ཆེད་དུ་གཙང་དང་དབུས་ལ་ཆས་ཏེ་བཀྲས་ལྷུན་དགོན་གྱི་རྒན་དམ་པ་ལྷ་ཁང•བློ་རྡོ་མཆོག་དང་ཕོ་བྲང་པོ་ཏ་ལའི་རྒན་དམ་པ་སྙེ•འཕྲིན་ལས་རྒྱལ་མཚན་རྣམ་གཉིས་ཀྱི་ཞབས་ལ་གཏུགས་ཏེ་སླར་ཡང་གཙང་བྲིས་ཚུགས་ཆེན་དང་ཚུགས་ཆུང་། ཚུགས་མ་ཐིག་གཅིག འཁྱུག དབུ་ཅན་སྙེ་བྲིས། གཞུང་བྲིས་ཚུགས་ཆེན་དང་ཚུགས་ཆུང་། འབྲུ་ཚ་སོགས་ཕྱག་རྒྱུན་རྨ་མེད་པར་སློབ་གཉེར་ཤུགས་དྲག་པོ་བགྱིས་པས་ཡིག་གཟུགས་སྒྱུ་རྩལ་གྱི་གཞུང་ལུགས་དང་ལྷག་དོན་ལག་ལེན་ཐད་སྦྱངས་འབྲས་ཏོག་ཙམ་ཉམས་དགའ་བ་བླངས་ཏེ་བྲིས་ཀྱི་འཕེལ་རྒྱས་ལ་སྔ་ན་མེད་པའི་རྨང་བརྟན་པོ་བཏིངས།
     སྔ་ཕྱིར་འཛིན་བདག་ཕུལ་བྱུང་ཅན། རིག་རྩལ་བྱ་བ་གཉེར་མཁན་ཕུལ་བྱུང་ཅན། ཁུལ་རིམ་པའི་དགེ་རྒན་ཕུལ་བྱུང་ཅན། སློབ་གསོའི་བྱ་བ་གཉེར་མཁན་སྔོན་ཐོན་ཅན། ཞིང་ཆེན་རིམ་པའི་གུང་གཞོན་ཚོགས་མི་ཕུལ་བྱུང་ཅན། ཁུལ་རིམ་པའི་རྐང་འཛིན་དགེ་རྒན་བཅས་ལ་བདམས་མྱོང་། 1993ལོར་སྦྲང་ཆར་རྩོམ་སྒྲིག་ཁང་གིས་སྤེལ་བའི་སྐབས་དང་པོའི༼ཐོན་མིའི་མཛུབ་རིས་རྟགས་མའི༽མིང་ཅན་གྱི་ཡིག་གཟུགས་འགྲན་བསྡུར་ཁྲོད་ཕུལ་བྱུང་བྱ་དགའ་ཐོབ་པ་དང་། 2012ལོར་མཚོ་ལྷོ་ཁུལ་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱིས་སྤེལ་བའི༼མཚོ་སྔོན་པོ་སྨན་ལས་རྟགས་མའི༽ ཡིག་རིས་བརྩམས་ཆོས་འགྲན་བསྡུར་ཁྲོད་ཕུལ་བྱུང་བྱ་དགའ་ཐོབ། 2015ལོའི་ཟླ9པར་སི་ཁྲོན་ཞིང་ཆེན་ཡིག་གཟུགས་མཐུན་ཚོགས་ཀྱིས་གཙོ་སྒྲུབ་གནང་བའི༼གཟི་ཚ་སྡེ་དགུ་བུམ་པའི༽ཀྲུང་གོ་ནུབ་རྒྱུད་ཀྱི་བོད་རྒྱ་ཡིག་གཟུགས་འགྲན་བསྡུར་ཆེན་མོའི་སྟེང་དངུལ་གྱི་རྟགས་མའི་བྱ་དགའ་ཐོབ། 2016ལོའི་ཟླ་དྲུག་པར་ཁུལ་ཐད་གཏོགས་ལས་ཁུངས་བྱ་བའི་ཨུ་ཡོན་ལྷན་ཁང་དང་ཁུལ་སྤྱིའི་བཟོ་ཚོགས། ཁུལ་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས། ཁུལ་མི་རིགས་མཐུན་སྒྲིལ་ཡར་ཐོན་སྔོན་ཐོན་ས་ཁུལ་འཛུགས་སྐྲུན་བྱ་འགུལ་འགོ་ཁྲིད་ཚན་ཆུང་བཅས་ཀྱིས་གཙོ་བསྒྲུབ་གནང་བའི་ཡིག་གཟུགས་འགྲེམ་སྟོན་འགྲན་སྡུར་ཁྲོད་བྱ་དགའ་ཨང་གཉིས་པ་ཐོབ། 2016ལོའི་ཟླ8པར་རྒྱལ་ཡོངས་སྐབས་གཉིས་པའི་དྲྭ་ཐོག་ཡིག་གཟུགས་སྒྱུ་རྩལ་འགྲེམ་སྟོན་ཆེན་མོའི་སྟེང་ན་ཆུང་ཚན་སྐོར་ལས་ཁོ་བོའི་སློབ་ཕྲུག16ལ་སོ་སོར་བྱ་དགའ་ཨང་དང་པོ་གཉིས། ཨང་གཉིས་པ་གསུམ། ཨང་གསུམ་པ་ལྔ། ཕུལ་བྱུང་བྱ་དགའ་བདུན་བཅས་ཐོབ།
     ལས་ཞོར་དུ《སྦྲང་ཆར》དང《གངས་རྒྱན་མེ་ཏོག》《མཚོ་སྔོན་ཁྲིམས་ལུགས་ཚགས་པར》 《གངས་རྒྱན་ན་ཆུང་ཚགས་པར》སོགས་དུས་དེབ་དང་ཚགས་པར་ཁག་སྟེང་ཡིག་གཟུགས་ཀྱི་བརྩམས་ཆོས་ཐེངས་མང་སྤེལ། དཔྱད་རྩོམ། སྙན་ངག་དང་ལྷུག་རྩོམ། གཞས་ཚིག་བཅས་བརྩམས་ཆོས་སུམ་ཅུ་ལྷག《བོད་ཀྱི་རྩོམ་རིག་སྒྱུ་རྩལ》 《སྦྲང་ཆར》 《མཚོ་སྔོན་བོད་ཀྱི་སློབ་གསོ》 《མང་ཚོགས་སྒྱུ་རྩལ》 《གངས་རྒྱན་མེ་ཏོག》 《ཁྲིམས་ལུགས་ཚགས་པར》སོགས་དུས་དེབ་དང་ཚགས་པར་སྟེང་སྤེལ་མྱོང་། ད་ལྟ་མཚོ་ལྷོ་ཁུལ་ཡིག་གཟུགས་མཐུན་ཚོགས་ཀྱི་ཚོགས་མི་དང་། པེ་ཅིན་རིན་ཧའོ་ཡིག་གཟུགས་གླིང་གི་ཚོགས་མི་ཡིན་ཞིང་། མཚོ་ལྷོ་ཁུལ་མཐོ་རིམ་མི་རིགས་སློབ་འབྲིང་དང་པོའི་ཡིག་གཟུགས་དགེ་རྒན་གྱི་ལས་ཀའི་འགན་འཁུར་ཡོད། 


འབྲེལ་ཡོད་འོས་སྦྱོར།