ཁྲི་ཀའི་ས་པཎ་རྟེན་མཛོད་ཁང་བཞེངས་སྐྲུན་སྐོར་གྱི་ཆེད་མཁས་རིགས་སྒྲུབ་ཚོགས་འདུ་བསྡུས་པ།
རྩོམ་པ་པོ།:མི་གསལ།
ཡོང་ཁུངས།:ཀྲུང་གོ་བོད་ཀྱི་དྲ་བ།
དུས་ཚོད།:2016-09-30
ཀློག་གྲངས།:

ཁྲི་ཀའི་ས་པཎ་རྟེན་མཛོད་ཁང་བཞེངས་སྐྲུན་སྐོར་གྱི་ཆེད་མཁས་རིགས་སྒྲུབ་ཚོགས་འདུ་བསྡུས་པ།
སྤྱི་ཟླ9བའི་ཚེས29ཉིན། མདོ་སྨད་རྟེན་རྫོང་དུ་གྲགས་པའི་གཡུ་ལོ་བཀོད་པའི་ཞིང་ཁམས་ཁྲི་ཀ་གསེར་སྨུག་རྫོང་དུ་ས་སྐྱ་པནྜིཏ་ཀུན་དགའ་རྒྱལ་མཚན་གཙོ་སྙིང་རྟེན་མཛོད་ཁང་བཞེངས་སྐྲུན་རིགས་སྒྲུབ་ཚོགས་འདུ་བསྡུས་ཤིང་། ཚོགས་སྟེང་དུ་རྒྱལ་ཁབ་རིམ་པའི་རིག་གཞུང་ཆེད་མཁས་པ་ཀན་སུའུ་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པ། སྲིད་ཁྲིམས་ཨུའི་ཧྲུའུ་ཅི། ཀྲུང་གོ་བོད་རིག་པའི་ཞིབ་འཇུག་ལྟེ་གནས་སྤྱི་ཁྱབ་གཙོ་འགན་གཞོན་པ་ཟུར་པ། ཀྲུང་གོ་མཚོ་བོད་མཐོ་སྒང་ཞིབ་འཇུག་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་བློ་བཟང་ལྷུན་གྲུབ་རྡོ་རྗེ་དང་། མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཟུར་པ། བོད་རིག་པའི་ཞིབ་འཇུག་པ་ཕུའུ་ཝུན་ཁྲེང། མཚོ་སྔོན་ཉིན་རེའི་ཚགས་པར་ཁང་གི་སྤྱི་ཁྱབ་གཙོ་སྒྲིག་གཞོན་པ་ཟུར་པ། མཚོ་སྔོན་ཞིང་ཆེན་གྱི་མིང་དུ་གྲགས་པའི་རྩོམ་པ་པོ་ཝང་བུན་ལོའུ། ཀྲུང་དབྱང་མི་རིགས་སློབ་གླིང་བོད་རིག་པའི་སློབ་གླིང་གི་གླིང་གཙོ། རྒྱལ་སྤྱིའི་བོན་ཆོས་ཞིབ་འཇུག་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ། རྒྱལ་སྤྱིའི་བོད་རིག་པའི་མཐུན་ཚོགས་ཀྱི་ལས་འཛིན། རྒྱལ་ཁབ་རིག་གནས་པུའུ་གནའ་དཔེ་སྲུང་སྐྱོང་ཆེད་ལས་ཨུ་ཡོན་ལྷན་ཚོགས་ཀྱི་ཚོགས་མི་ཚེ་རིང་ཐར། མཚོ་སྔོན་ཉིན་རེའི་ཚགས་པར་ཁང་གི་ཧྲེ་ཀྲང་གཞོན་པ་ཟུར་པ་དགེ་གཉེན། མཚོ་སྔོན་དགེ་ཐོན་སློབ་ཆེན་གྱི་ལོ་རྒྱུས་རིག་པའི་དགེ་རྒན་ཆེན་མོ་ཀྲང་ཏེ་ཙོའུ། མཚོ་སྔོན་མི་རིགས་སློབ་ཆེན་བོད་རིག་པའི་སློབ་གླིང་གི་གླིང་གཙོ་ཟླ་བ་སོགས་ཞིང་ཆེན་ཕྱི་ནང་ནས་ཕེབས་པའི་ལོ་རྒྱུས་ཆེད་མཁས་པ། རྩོམ་པ་པོ། རིག་གཞུང་ཞིབ་འཇུག་པ་ཉི་ཤུ་ལྷག་ཐེངས་འདིའི་རིགས་སྒྲུབ་ཚོགས་སྟེང་དུ་ཕེབས་ཤིང་། ཁྲི་ཀ་རྫོང་ཏང་ཨུའི་ཧྲུའུ་ཅི་གཞོན་པའམ་མི་དམངས་སྲིད་གཞུང་གི་རྫོང་དཔོན་གནམ་ལྷས་ཚོགས་འདིར་ཤིས་ཚིག་ཕུལ་ཞིང་། རྫོང་དཔོན་གཞོན་པ་ཧྥན་ཡུང་ཕིན་ལགས་ཀྱིས་ཚོགས་འདུར་མགོ་འཛིན་མཛད།

ཚོགས་འདུའི་ཡུལ་དངོས།

གདན་ཞུའི་ཆེད་མཁས་མི་སྣའི་མཉམ་པར།
ཞིང་ཆེན་ཕྱི་ནང་ཀུན་ནས་ཕེབས་པའི་གདན་ཞུའི་ཆེད་མཁས་རྣམས་ཀྱིས་མགྲིན་གཅིག་ཏུ་འཇམ་དབྱངས་རྣམ་གསུམ་གྱི་ཡ་གྱལ་ས་སྐྱ་པཎ་ཆེན་མཆོག་ནི་བོད་ཀྱི་ཆོས་ལུགས་རིག་གནས་དང་རྩོམ་རིག་རིག་གནས། མེས་རྒྱལ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ། སྤྱི་ཚོགས་འཆམ་མཐུན། སྤྱི་ཚོགས་ཡར་སྐུལ་ལ་ནུས་པ་གལ་ཆེན་ཐོན་པའི་རྒྱལ་གཅེས་མི་སྣ་གྲགས་ཆེན་ཞིག་ཡིན་པར་གསུངས་ཞིང་། ཁྲི་ཀ་རྫོང་ཏང་ཨུའམ་མི་དམངས་སྲིད་གཞུང་གི་རྒྱབ་སྐྱོར་འོག་ཁྲི་ཀ་རྫོང་གདོང་སྣ་རིག་གནས་ཀུན་འདུས་གླིང་གིས་མ་དངུལ་འབོར་ཆེན་བཏོན་ཏེ་ཁྲི་ཀའི་རིག་གནས་སྐྱེ་ཁམས་སྔོག་འདོན་དང་སྲུང་སྐྱོང་བྱེད་པ། ཏང་གི་རྒྱུད་གཅིག་ལམ་གཅིག་གི་རིག་གནས་སྲིད་ཇུས་ལག་ལེན་མཐའ་འཁྱོལ་གནང་བར་ཁྲི་ཀའི་ཡུལ་དུ་ས་པཎ་རྟེན་མཛོད་ཁང་ཆེན་མོ་ཞིག་བཞེངས་སྐྲུན་བྱེད་ཐུབ་པ་ནི་བོད་མི་རིགས་ཀྱི་རིག་གནས་འཕེལ་རྒྱས་ལ་བྱས་རྗེས་མི་དམན་འཇོག་སྲིད་ཅིང་། ས་གནས་ལྗོངས་རྒྱུའི་ལས་རིགས་འཛུགས་སྐྲུན་ལ་ནུས་པ་གལ་ཆེན་ཐོན་སྲིད་ཅེས་གསུངས།