ཐེམ་ཆེན་རྫོང་མི་རིགས་སློབ་ཆུང་གཉིས་པས་མི་རིགས་མཐུན་སྒྲིལ་རྟགས་མའི་སྙན་ངག་གྱེར་འདོན་གྱི་བྱ་འགུལ་སྤེལ།
རྩོམ་པ་པོ།:བོང་སྟག་རི་ལུ། ཁོན་ཐར་སྐྱིད།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2016-09-23
ཀློག་གྲངས།:
སྙན་ངག་གྱེར་འདོན་བྱེད་བཞིན་པ།
ཐེངས་འདིིའི་བྱ་འགུལ་ལ་ཁྱོན་བསྡོམས་སློབ་མ16ཞུགས་ལ། དེ་དག་ནི་ལོ་རིམ་གསུམ་པ་ནས་དྲུག་པའི་བར་གྱི་འཛིན་གྲྭ་སོ་སོ་ནས་བདམས་ཐོན་བྱུང་བ་དག་ལས་གྲུབ། འགྲན་ཞུགས་སློབ་མ་རྣམས་ཀྱིས་སྙན་འཇེབས་རོལ་མོའི་འགྲོས་དང་བསྟུན་ནས་དགེ་རྒན་དང་ཕ་མ། སློབ་ར་དང་སྤྱི་ཚོགས། ཏང་དང་རྒྱལ་ཁབ་ལ་ཕུལ་བའི་བསྟོད་བསྔགས་དང་དྲིན་གཟོ་ཡི་ཚིག་འབྲི་རེ་རེ་ཁ་གསལ་ཞིང་སྨྲ་དག་པའི་སྒོ་ནས་གྱེར་འདོན་བྱས་པ་བརྒྱུད།མཇུག་མཐར་དྲུག་གཅིག་འཛིན་གྲྭའི་སློབ་གྲོགས་ཟླ་སྒྲོན་དབང་མོ་དང་གཉིས་གསུམ་འཛིན་གྲྭའི་སློབ་གྲོགས་ནོར་བུ་དོན་གྲུབ། བཞི་གཅིག་འཛིན་གྲྭའི་སློབ་གྲོགས་ཡིད་བཞིན་རྡོ་རྗེ་སོགས་མི་དྲུག་ལ་བྱ་དགའ་ཨང་དང་པོ་དང་གཉིས་པ། གསུམ་པ་སོགས་ཐོབ་ལ།གསུམ་གཅིག་འཛིན་གྲྭའི་སློབ་གྲོགས་རིག་མཆོག་དཔལ་ལྡན་བཅས་མི་བཞི་ལ་རྟིང་སྐུལ་བྱ་དགའ་ཐོབ་པར་མ་ཟད། སློབ་ར་ཡོངས་ནས་་དགའ་བསུ་གང་ལེགས་ཐོབ།དགའ་རྟགས་ཐོབ་པའི་སློབ་མ་དག་གི་མཉམ་པར།
མཇུག་མཐར་སློབ་གཙོ་ཐུབ་བསྟན་ཚེ་རིང་ནས་བྱ་འགུལ་འདི་ལས་འཕྲོས་པའི་མི་རིགས་ཀྱི་རིག་གནས་ལྟ་བ་དང་རིག་གནས་ཀྱི་གལ་ཆེན་རང་བཞིན། འབྱུང་འགྱུར་གྱི་འོས་འགན་སོགས་གཅིག་གཅིག་གཉིས་གཉིས་སྒོས་གླེང་བ་དང་ཆབས་ཅིག་བོད་སྐད་ཡིག་སྡེ་ཁག་གི་དགེ་རྒན་ཡོངས་ལ་འདི་ལྟ་བུའི་བྱ་འགུལ་མུ་མཐུད་དུ་སྤེལ་བའི་རེ་བ་བཏོན།
སློབ་གཙོ་ཐུབ་བསྟན་ཚེ་རིང་ནས་བྱ་འགུལ་སྤྱི་བསྡོམས་བྱེད་བཞིན་པ།
འབྲེལ་ཡོད་འོས་སྦྱོར།