བོད་ཡིག་འཚོལ་བཤེར་མ་ལག་དང་རིག་སྟོབས་ཆ་འཕྲིན་བསྒྱུར་ལས་བགྲོ་གླེང་ཚོགས་འདུ་བསྡུས་པ།
བོད་ཡིག་འཚོལ་བཤེར་མ་ལག་དང་རིག་སྟོབས་ཆ་འཕྲིན་བསྒྱུར་ལས་བགྲོ་གླེང་ཚོགས་འདུ་བསྡུས་པ།
བཟོ་ལས་དང་ཆ་འཕྲིན་ཅན་པུའུ་གློག་རྡུལ་ཚད་གཞི་ཅན་ཞིབ་འཇུག་གླིང་ཐོན་ལས་འཕེལ་རྒྱས་
ལྟེ་གནས་ཀྱི་འགོ་གཙོ་གཞོན་པ་ཐའོ་ལེ་ལིན།
ནུབ་བྱང་མི་རིགས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་རྡོ་ལྷ།
པེ་ཅིང་སློབ་ཆེན་རྩིས་འཁོར་སྐད་བརྡ་ཁང་གི་འགོ་གཙོ་ཀྲན་ཝེ་ཏུང་།
ཀྲུང་དབྱང་མི་རིགས་སློབ་ཆེན་བོད་རིག་པའི་སློབ་གླིང་གི་གླིང་གཙོ་ཚེ་རིང་ཐར།
པེ་ཅིང་སློབ་ཆེན་ཆ་འཕྲིན་ཚན་རྩལ་སློབ་གླིང་གི་དགེ་རྒན་ཆེན་མོ་གཞོན་པ་ཁྲང་པའོ་པའོ།
གྲོས་ཚོགས་ཀྱི་ཡུལ་དངོས།
ཆེད་མཁས་པ་རྣམས་མཉམ་པར་བསྐྱོན་པ།
སྤྱི་ཟླ8པའི་ཚེས22ཉིན་གྱི་ཕྱི་དྲོར། བོད་ཡིག་འཚོལ་བཤེར་མ་ལག་དང་རིག་སྟོབས་ཆ་འཕྲིན་བསྒྱུར་ལས་བགྲོ་གླེང་ཚོགས་འདུ་དེ་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྲོས་ཚོགས་ལྟེ་གནས་སུ་བསྡུས་ཤིང་། ཀྲུང་གོའི་བོད་རིག་པའི་ཞིབ་འཇུག་ལྟེ་གནས་ཀྱི་དེ་སྔའི་སྤྱི་ཁྱབ་འགན་འཛིན་པ་བློ་བཟང་ལྷུན་གྲུབ་རྡོ་རྗེ་དང་། བཟོ་ལས་དང་ཆ་འཕྲིན་ཅན་པུའུ་གློག་རྡུལ་ཚད་གཞི་ཅན་ཞིབ་འཇུག་གླིང་ཐོན་ལས་འཕེལ་རྒྱས་ལྟེ་གནས་ཀྱི་འགོ་གཙོ་གཞོན་པ་ཐའོ་ལེ་ལིན། པེ་ཅིང་སློབ་ཆེན་རྩིས་འཁོར་སྐད་བརྡ་ཁང་གི་འགོ་གཙོ་ཀྲན་ཝེ་ཏུང་། པེ་ཅིང་སློབ་ཆེན་ཆ་འཕྲིན་ཚན་རྩལ་སློབ་གླིང་གི་དགེ་རྒན་ཆེན་མོ་གཞོན་པ་ཁྲང་པའོ་པའོ། ཀྲུང་དབྱང་མི་རིགས་སློབ་ཆེན་བོད་རིག་པའི་སློབ་གླིང་གི་གླིང་གཙོ་ཚེ་རིང་ཐར། ནུབ་བྱང་མི་རིགས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་རྡོ་ལྷ། ནུབ་བྱང་མི་རིགས་སློབ་ཆེན་བོད་སྐད་ཡིག་རིག་གནས་སློབ་གླིང་གི་གླིང་གཙོ་པདྨ་དབང་ཆེན། ཀྲུང་དབྱང་མི་རིགས་སློབ་ཆེན་ཆ་འཕྲིན་བཟོ་བཀོད་སློབ་གླིང་གི་དགེ་རྒན་ཆེན་མོ་གཞོན་པ་ཝང་ཀྲིའུ་ཅོན། མི་རིགས་དཔེ་སྐྲུན་ཁང་བོད་ཡིག་ཁང་གི་འགོ་གཙོ་རྟ་རྡོར། མི་རིགས་དཔེ་སྐྲུན་ཁང་ཆ་འཕྲིན་ལྟེ་གནས་ཀྱི་བཟོ་སྐྲུན་མཁས་པ་ཚུང་ཡཱན་དང་རིན་ཅིན། ཀན་ལྷོ་མི་རིགས་དགེ་ཐོན་སློབ་གླིང་རྩིས་འཁོར་གླིང་གི་འཆད་ཁྲིད་དགེ་རྒན་ཀླུ་འབུམ་བཀྲ་ཤིས། མཚོ་སྔོན་ཞིང་ཨུའི་དྲིལ་སྒྲོག་པུའུ་སྲིད་ཇུས་ཞིབ་འཇུག་ཁང་གི་ཞིབ་འཇུག་པ་པདྨ་ལྷུན་གྲུབ། མཚོ་སྔོན་དགེ་ཐོན་སློབ་ཆེན་མི་རིགས་དགེ་ཐོན་སློབ་གླིང་གི་གླིང་གཙོ་བཀྲ་བྷོ། མཚོ་སྔོན་དགེ་ཐོན་སློབ་ཆེན་དར་མའི་སློབ་གསོ་རིག་པའི་སློབ་གླིང་གི་གླིང་གཙོ་གཞོན་པ་བཀྲ་ལོ། མཚོ་སྔོན་དགེ་ཐོན་སློབ་ཆེན་མི་རིགས་དགེ་ཐོན་སློབ་གླིང་གི་གླིང་གཙོ་གཞོན་པ་ལྕགས་ཐར་རྒྱལ། མཚོ་སྔོན་དགེ་ཐོན་སློབ་ཆེན་རྩིས་འཁོར་རིག་པའི་སློབ་གླིང་གི་གླིང་གཙོ་གཞོན་པ་ཚེ་རིང་རྒྱལ་དང་དགེ་རྒན་ཆེན་མོ་གཞོན་པ་རིག་ཐར། དགེ་རྒན་ཆེན་མོ་གཞོན་པ་བསོད་ནམས་ཚེ་རིང་། དགེ་རྒན་ཆེན་མོ་གཞོན་པ་དཔལ་འབྱོར་ཚེ་རིང་། མཚོ་སྔོན་བློ་བཟང་ཨང་ཀིའི་ཚན་རྩལ་ཚད་ཡོད་ཀུང་ཟིའི་སྤྱི་ཁྱབ་འགན་འཛིན་པ་བློ་བཟང་། མཚོ་སྔོན་པཎྜིཏ་ཆ་འཕྲིན་ཚན་རྩལ་ཚད་ཡོད་ཀུང་ཟིའི་དཔའ་གོ་ཚེ་རིང་། དེ་མིན་ཡུལ་ཤུལ་ཁུལ་རྒྱང་སྒྲོག་བརྙན་འཕྲིན་ཅུའི་འགོ་གཙོ་རྟ་མགྲིན་ཚེ་རིང་དང་ཡུལ་ཤུལ་ཁུལ་མི་རིགས་སྐད་ཡིག་བྱ་བའི་གཞུང་སྒྲུབ་ཁང་གི་འགོ་གཙོ་ཚེ་བརྟན་རྡོ་རྗེ། མཚོ་བྱང་ཁུལ་མི་རིགས་སྐད་ཡིག་བྱ་བའི་གཞུང་སྒྲུབ་ཁང་གི་འགོ་གཙོ་རིན་ཆེན་ཚེ་རིང་སོགས་ཐེངས་འདིའི་བགྲོ་གླེང་ལ་ཞུགས་པ་དང་། ནུབ་བྱང་མི་རིགས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་རྡོ་ལྷ་ཡིས་གྲོས་ཚོགས་ལ་མདོ་འཛིན་མཛད།
གྲོས་ཚོགས་སུ་ཆེད་མཁས་པ་དང་ཤེས་ཡོན་པ་རྣམས་ཀྱིས་བོད་ཡིག་འཚོལ་བཤེར་མ་ལག་དང་རིག་སྟོབས་ཆ་འཕྲིན་བསྒྱུར་ལས་ཀྱི་ཐད་ནས་ལྟ་ཚུལ་དང་བསམ་འཆར་ལྷུག་པོར་བརྗོད་དེ་གཅིག་མཐུན་གྱི་ལྟ་བ་གྲུབ་པ་སྟེ། ཡོངས་འཛིན་འཚོལ་བཤེར་འདིས་གཅིག་ནས་རིག་གནས་རྒྱུན་འཛིན་དང་དར་སྤེལ་ཐད་དགེ་མཚན་ལྡན་པ། གཉིས་ནས་རིག་གནས་བདེ་འཇགས་དང་ཆ་འཕྲིན་བདེ་འཇགས་ཐད་དགེ་མཚན་ལྡན་པ། གསུམ་ནས་མི་རིགས་མཐུན་སྒྲིལ་ཐད་དགེ་མཚན་ཆེན་མོ་ལྡན་པ། བཞི་ནས་ཡོངས་འཛིན་གྱི་སྤྱོད་ནུས་འཐུས་ཚང་ཡིན་ནའང་ད་དུང་དེའི་ཕྱོགས་ལ་འབད་དགོས་པ། ལྔ་ནས་རྗེས་ཕྱོགས་བོད་འབྲེལ་དྲ་རྒྱའི་གཙོ་ཁྲིད་དབང་ཆ་དམ་འཛིན་བྱེད་པར་བརྩོན་པ། དྲུག་ནས་སྐད་སྒྲ་ངོས་འཛིན་དང་འཕྲུལ་ཆས་ལོ་ཙཱ་འཛུགས་སྐྲུན། ཐོན་ཁུངས་རྒྱ་བསྐྱེད་བཅས་ཀྱི་ཕྱོགས་ལ་འབད་དགོས་པ། བདུན་ནས་ཤེས་ལྡན་མི་སྣ་ནང་འདྲེན་དང་བསྐྱེད་སྲིང་ཐད་འབད་དགོས་པ་སྟེ། སྔོན་ཐོན་གྱི་ལྟ་སྟངས་དང་སྔོན་ཐོན་གྱི་གཞུང་ལུགས། སྔོན་ཐོན་གྱི་ལག་རྩལ་ལས་རྒྱ་ཆེ་བའི་མང་ཚོགས་ལ་ཞབས་ཞུ་ལེགས་པོར་བསྒྲུབ་པ། བརྒྱད་ནས་དུས་རབས་ཀྱི་རིན་ཐང་དང་ལོ་རྒྱུས་ཀྱི་རིན་ཐང་ལྡན་པ། དགུ་ནས་མུ་མཐུད་དུ་རྒྱལ་ཁབ་ཀྱི་མ་དངུལ་བརྩོན་ལེན་བྱེད་དགོས་པ་བསྟན།