ནོར་བཟང་དྲ་ལམ་སློབ་ཁྲིད་སྐབས་ལྔ་པའི་རིན་མེད་སློབ་ཁྲིད།
དང་པོ། ངོ་སྤྲོད་མདོར་བསྡུས།
ནོར་བཟང་དྲ་ལམ་སློབ་ཁྲིད་ནི་སྤྱི་ལོ2014ལོའི་ལོ་མཇུག་ཏུ་གསར་དུ་དབུ་བརྙེས་པའི་དྲ་ལམ་སློབ་ཁྲིད་ཅིག་ཡིན་ལ། སྐབས་དང་པོའི་དྲ་ལམ་སློབ་ཁྲིད་ཀྱི་ནང་དུ་ཁྲིད་བྱ་གཙོ་བོAdobePhotoShopདང་། CorelDRAWམཉེན་ཆས་གཉིས་གཞིར་བཞག་གི་སྟེང་ནས་ངོས་སྙོམ་ཇུས་འགོད་སྐོར་ཀྱི་སློབ་ཁྲིད་བྱས་པ་ཡིན་ཞིང་། སློབ་མ་རྣམ་ལ་ཡང་ཡར་ཐོན་མངོན་གསལ་དོད་པོ་བྱུང་བ་དང་། ནོར་བཟང་དྲ་ལམ་སློབ་ཁྲིད་སྐབས་གཉིས་པར་རྩིས་འཁོར་གྱི་རྨང་གཞིའི་སྐོར་གྱི་དམའ་རིམ་སློབ་ཁྲིད་དང་། ངོས་སྙོམ་ཇུས་འགོད་སྐོར་གྱི་མཐོ་རིམ་སློབ་ཁྲིད་གཉིས་བྱས་པས་སློབ་མ་དག་གིས་ཀྱང་ཕན་ཐོག་བྱུང་སོང་ཟེར་ནས་མཐེ་བོང་ཀེར་གི་འདུག་པ་དང་། ནོར་བཟང་དྲ་ལམ་སློབ་ཁྲིད་སྐབས་གསུམ་པའི་ནང་དུ་ཡང་བསྐྱརAdobePhotoShopརྨང་གཞི་ནས་བཟུང་སྟེ་དམའ་རིམ་དང་མཐོ་རིམ་སློབ་ཁྲིད་གཉིས་བྱས་པས་སློབ་མ་དག་ལ་ཕན་ཐོག་རྒྱ་ཆེར་བྱུང་ཡོད། ནོར་བཟང་དྲ་ལམ་སློབ་ཁྲིད་ལ་བསྟེན་ནས་ཕྱོགས་སོ་སོ་རུ་རྩིས་འཁོར་ཕྱོགས་ཀྱི་ལས་ཁུངས་ཆུང་ངུ་རེ་འཛུགས་མཁན་ཡང་མང་ཙམ་བྱུང་ཡོད། ནོར་བཟང་དྲ་ལམ་སློབ་ཁྲིད་སྐབས་བཞི་པའི་ནང་དུ་རྩིས་འཁོར་གྱི་རྨང་གཞིའི་བེད་སྤྱོད་དང་། windows ཨན་ཏྲོ། ཀུ་ཤུ་བཅས་མ་ལག་གསུམ་གྱི་བེད་སྤྱོད་བྱེད་སྟངས་ཟླ་བ་གཅིག་གི་བར་དུ་ཁྲིད་ཡོད་ཅིང་། དེ་ལ་ཞུགས་མཁན་གྱི་སློབ་མའི་བསྡོམས་གྲངས་སློབ་མ་བརྒྱད་བརྒྱ་ལྷག་ཡོད་པ་དང་། (དུས་ལྟར་སློབ་ཁྲིད་ལ་ཉན་མཁན་དང་། སློབ་ཁྲིད་ཚོགས་པ་ལས་བརྙན་རིས་ལྟ་མཁན་ཡོངས)སློབ་མ་དག་ལ་ཡང་ཡར་ཐོན་དང་ཕན་ཐོག་མངོན་གསལ་དོད་པོ་བྱུང་ཡོད། དེ་བས་ང་ཚོས་ཀྱང་སློབ་མ་དག་གི་རེ་བ་དང་། སྦྱོང་འདུན་ཡོད་ཅིང་འབྱོར་འཁོས་ཅུང་ཞན་པའི་སློབ་མ་དག་ལ་དམིགས་ནས་ཐེངས་འདིར་ནོར་བཟང་དྲ་ལམ་སློབ་ཁྲིད་སྐབས་ལྔ་པའི་རིན་མེད་སློབ་ཁྲིད་མགོ་རྩོམ་རྒྱུ་ཡིན།
གཉིས་པ། སློབ་ཁྲིད་བྱེད་སྟངས་སྐོར།
ང་ཚོའི་སློབ་ཁྲིད་ནི་ཐེངས་སྔོན་མའི་སློབ་གྲོགས་དག་གིས་ཤེས་གསལ་ལྟར་རྒྱལ་ནང་ན་སྟབས་ཅུང་བདེ་བའི腾讯课堂ཐིན་ཤིན་སློབ་ཁང་དུ་ཞུགས་ཡོད་ཅིང་། སློབ་མ་དག་གིས་རང་ཉིད་ཀྱི་ཁ་པར་དང་རྩིས་འཁོར་གང་རུང་གི་ལམ་ནས་སྐུད་མེད་དྲ་བ་དང་། 4Gདྲ་བ་ལ་བརྟེན་ནས་སློབ་ཁྲིད་ལ་ཞུགས་ཆོག
གསུམ་པ། སློབ་ཚན་ངོ་སྤྲོད།
ཐེངས་འདིའི་སློབ་ཁྲིད་ནང་དུ་སློབ་གྲོགས་དུ་མའི་རེ་བ་དང་། བོད་ཁུལ་ལ་དམིགས་བསལ་གྱིས་དགོས་མཁོ་ཆེ་བར་དམིགས་ནས། adobe indesign བཀོལ་ནས་དཔེ་ཆ་དང་ཚགས་པར་གློག་རྡུལ་འཕྲུལ་དེབ་སོགས་སྒྲིག་སྦྱོར་བྱེད་ཚུལ་སློབ་ཁྲིད་བྱེད་རྒྱུ་ཡིན།
བཞི་པ། སློབ་མའི་གྲངས་ཀ་དང་སློབ་ཁྲིད་ལ་ཞུགས་པའི་ཆ་རྐྱེན།
ཐེངས་འདིའི་སློབ་མའི་གྲངས་ཀ་ལ་ཚད་བཀག་མེད་ཅིང་། སློབ་མ་ག་ཚོད་འོང་ན་ང་ཚོས་དགའ་བསུའི་སྒོ་ཆེན་ནམ་ཡང་ཕྱེས་ནས་ཡོད་པས་ཁྱེད་ཉིད་ཕེབས་པར་དགའ་བས་བསུ།
ལྔ་པ། འབྲེལ་ཡོད་གནས་ཚུལ་སྐོར།
ཐེངས་འདིའི་སློབ་ཁྲིད་དུས་ཚོད་ནི་སྤྱི་ཟླ8པའི་ཚེས15ཉིན་སློབ་ཁྲིད་དངོས་སུ་བྱེད་རྒྱུ་ཡིན་ཞིང་། སྤྱི་ཟླ་བརྒྱད་པའི་ཚེས9ནས་ཚེས14བར་སློབ་མ་བསྡུ་ལེན་བྱེད་རྒྱུ། སློབ་ཁྲིད་ལ་ཞུགས་འདོད་མཁན་གྱི་སློབ་མ་དག་ངེས་པར་དུ་ཁྱེའུ་འཕྲིན་ཚོགས་པར་ཞུགས་དགོས་ཤིང་། སྤྱི་ཚེས་བརྒྱད་ཀྱི་དགུང་མོ་ཚོགས་པ་རུ་སློབ་ཁྲིད་བྱེད་སྟངས་དང་མིང་ཐོ་འགོད་སྟངས་སྐོར་ཀྱི་གསལ་བསྒྲགས་དང་སློབ་ཁྲིད་ཀྱང་སྤེལ་ཡོང་། སློབ་ཁྲིད་བྱེད་དུས་ཀྱི་དུས་ཚོད་ནང་དུ་ཡང་ཁྱེད་རང་གིས་མིང་ཐོ་བཀོད་ནས་མཉམ་ཞུགས་བྱེད་ཆོག སློབ་ཁྲིད་དུས་ཚོད་དགུང་མོ་དུས་ཚོད9ནས10བར་གྱི་དུས་ཚོད་གཅིག་གི་རིང་ཡིན་པས་སློབ་ཁྲིད་ལ་ཞུགས་འདུན་ཡོད་པའི་སློབ་མ་དག་དུས་ལྟར་ཕེབས་པར་ཞུ།
གསལ་བཤད།
གོང་གི་ཚད་གཉིས་ཨང་རིམ་བཤེར་ནས་སློབ་ཁྲིད་བྱེད་ཡུལ་གྱི་ཁྱེའུ་འཕྲིན་ཚོགས་ པར་ཞུགས་ཆོག ད་སྔོན་ཚོགས་པར་ཞུགས་ཡོད་པའི་སློབ་རྙིང་དག་གསར་ཞུགས་བྱེད་མི་དགོས་པས་དེ་ ལུགས་ཐུགས་འཇགས།