logo

དཔའ་རིས་རྫོང་བོད་སྐད་ཨུས་སྐད་གཉིས་ཐད་ཀྱི་བྱེད་སྒོ་རབས་དང་རིམ་པ་སྤེལ་བ།

རྩོམ་པ་པོ།:དཔའ་རིས་རྫོང་བོད་སྐད་ཨུ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2016-07-28 ཀློག་གྲངས།:

དཔའ་རིས་རྫོང་བོད་སྐད་ཨུས་སྐད་གཉིས་ཐད་ཀྱི་བྱེད་སྒོ་རབས་དང་རིམ་པ་སྤེལ་བ།
དཔའ་རིས་བོད་རང་སྐྱོང་རྫོང་མི་རིགས་སློབ་འབྲིང་དུ་བཙུགས་པའི་སྐད་གཉིས་འཆམ་མཐུན་གསོ་སྦྱོང་འཛིན་གྲྭ།


བདེ་ཆེན་རྩྭ་ཐང་དུ་སྐད་གཉིས་འཆམ་མཐུན་བསྐྱེད་སྲིང་བྱ་འགུལ་སྤེལ་བ།


དཔའ་རིས་དམངས་གླུ་ལེན་བཞིན་པ།


རིག་རྩལ་འཁྲབ་སྟོན།


དམངས་ཁྲོད་རྩེད་རིག་འཁྲབ་སྟོན།

     རྒྱལ་ཡོངས་ཀྱི་སྐད་གཉིས་འཆམ་མཐུན་ཡུལ་སྡེ་བསྐྱེད་སྲིང་ལས་འགུལ་ཀན་སུའུ་ཞིང་ཆེན་དཔའ་རིས་བོད་རང་སྐྱོང་རྫོང་དུ་ཕྱོགས་ཡོངས་ནས་དངོས་སུ་མགོ་བརྩམས་ཤིང་། སྤྱི་ཟླ7པའི་ཚེ16ཉིན་ནས་བཟུང་། དཔའ་རིས་བོད་རང་སྐྱོང་རྫོང་བོད་སྐད་ཡིག་བྱ་བའི་ལས་ཤག་གིས་རྫོང་འདིའི་མི་རིགས་སློབ་འབྲིང་དུ་ཟླ་གཅིག་རིང་གི་སྐད་གཉིས་གསབ་སྦྱོང་འཛིན་གྲྭ་བཙུགས་པ་དང་། སྤྱི་ཟླ7པའི་ཚེས26ཉིན་ཡང་བསྐྱར་རྫོང་འདིའི་བདེ་ཆེན་སྡེ་དམངས་རྩ་འཛུགས་བྱས་ཏེ་སྐད་གཉིས་འཆམ་མཐུན་བསྐྱེད་སྲིང་བྱ་འགུལ་སྤེལ།
     བྱ་འགུལ་ཀྱི་ཕན་འབྲས་མངོན་གསལ་དོད་པོ་ཐོབ་ཕྱིར། དཔའ་རིས་བོད་རང་སྐྱོང་རྫོང་བོད་སྐད་ཡིག་བྱ་བའི་ལས་ཤག་གི་ལས་བྱེད་མི་སྣས་ཕ་སྐད་ཀྱི་ལམ་ནས་གནད་འཁེལ་དབུལ་སྐྱོར་འབྲེལ་ཡོད་མིང་ཚིག་འགྲེལ་བཤད་དང་གསར་བྱུང་དངོས་པོའི་མིང་བརྡ་སྦྱོར་ཀློག་སོགས་རྒྱུགས་ཆེ་བའི་སྲིད་ཇུས་དང་འོས་འཚམ་པའི་སློབ་ཁྲིད་ནང་དོན་བདམས་ཤིང་། རྒྱ་ཆེའི་མང་ཚོགས་ཀྱིས་བོད་ཡིག་གི་ཐོག་ནས་གནད་ཁེལ་དབུལ་སྐྱོར་གྱི་བསྟན་དོན་དང་། འབྲེལ་ཡོད་མིང་ཚིག་གི་གོ་དོན། སྲིད་ཇུས་འདིའི་སྙིང་བོ་ལ་སོགས་པར་གོ་བ་གསལ་བོ་ལོན་ཐུབ་སོང་།  དེར་མ་ཟད་རྒྱའི་སྤྱི་སྐད་ལ་རྒྱུས་མངའ་བའི་ཡུལ་སྡེ་འདིའི་ན་གཞོན་སློབ་བུ་འབྲུག་རྒྱལ་གྱིས་རྒྱའི་སྤྱི་སྐད་ཀྱི་རྒྱུན་བཀོལ་སློབ་ཁྲིད་དང་། བོད་སྨན་ལ་ལོ་མང་ཞིབ་འཇུག་བྱས་པའི་སྨན་པ་ནོར་བུས་བོད་ལུགས་གསོ་རིག་ཐད་ཀྱི་ནད་རིམས་སྔོན་འགོག་གི་རྒྱུན་ཤེས་དྲིལ་བསྒྲགས་བྱས།
     དེ་ནས་གྲ་སྒྲིག་ལེགས་པོ་བྱས་ཡོད་པའི་རྒྱལ་ཁབ་རིམ་པའི་གཟུགས་འདས་ཤུལ་བཞག་རིག་གནས་དཔའ་རིས་དམངས་གླུ་རྒྱུད་འཛིན་འཁྲབ་སྟོན་བྱ་འགུལ་སྤེལ། བདེ་ཆེན་སྡེ་བའི་ཡུལ་མི་དག་གིས་དགའ་སྤྲོ་རབ་ཏུ་འཁོལ་བའི་ངང་དམངས་གླུ་དང་དམངས་ཁྲོད་ཞབས་བྲོ་རྩེད་རིག་སོགས་འཁྲབ་སྟོན་བྱས་ལ། མང་ཚོགས་ཀྱིས་བྱ་འགུལ་འདི་ལ་རམ་འདེགས་གང་ལེགས་གནང་བས་འཁྲབ་སྟོན་ལས་ཚན་ཀུན་གྱི་མིག་གི་བདུད་རྩི་དང་རྣ་བའི་གསོས་སུ་གྱུར་ཞིང་། བྱ་འགུལ་འདི་ལས་མང་ཚོགས་ཀྱིས་དམངས་ཁྲོད་རིག་གནས་ཀྱི་རྒྱུན་མཐུད་པའི་འདུ་ཤེས་དང་དེར་བཅིངས་པའི་ལྷག་བསམ་ཟོལ་མེད་དངོས་སུ་མཚོན་ཐུབ།
     ཐེངས་འདིའི་སློབ་ཁྲིད་ཀྱི་ནང་དོན་ཕུན་སུམ་ཚོགས་ཤིང་། དགེ་སློབ་ཁ་བརྡའི་རང་བཞིན་ལྡན་པས། ཡུལ་སྡེ་འདིའི་མང་ཚོགས་ཀྱི་སྐད་གཉིས་འཆམ་མཐུན་བཀོལ་སྤྱོད་ཀྱི་དུངས་བ་སྔར་ལས་ཇེ་ཆེར་བཏང་།


འབྲེལ་ཡོད་འོས་སྦྱོར།