logo

《རི་བོ་ཉི་ཟླ》དུས་དེབ་རྩོམ་སྒྲིག་ཁང་གི་རྩོམ་བསྡུའི་བརྡ་སྦྱོར་སྤེལ་བ།

རྩོམ་པ་པོ།:《རི་བོ་ཉི་ཟླ》དུས་དེབ་རྩོམ་སྒྲི ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2016-07-27 ཀློག་གྲངས།:
     《རི་བོ་ཉི་ཟླ》དུས་དེབ་རྩོམ་སྒྲིག་ཁང་གིས་སྤྱི་ཚོགས་ལས་རིགས་སོ་སོའི་རྩོམ་པ་པོ་རྣམས་ལ་དམིགས་ཏེ་བརྩམས་སྒྲུང་དང་སྙན་ངག ལྷུག་རྩོམ། དཔྱད་རྩོམ་སོགས་ཀྱི་ཚན་བྱང་རིགས་དུ་མ་དབྱེ་ནས་དཔར་ཐེངས་ཇེ་མང་། རྒྱུ་སྤུས་ཇེ་བཟང་། ལེ་ཚན་གསར་སྣོན། རྩོམ་ཡོན་ཇེ་མཐོ་སོགས་ཕྱོགས་གང་ཐད་ནས་ཇེ་རྒྱས་ཇེ་ལེགས་དང་བསྐྱར་བཅོས་ཡང་བཅོས་བྱས་ནས་སྤེལ་རྒྱུ་ཡིན་ཞིང་། ལོ་རེའི་སྤྱི་ཟླ9བའི་ཟླ་མཇུག་གི་སྔོན་དུ་རྩོམ་རིག་ལ་དགའ་མོས་ཡོད་པའི་སྨྱུག་ཐོགས་པ་དག་གིས་ལྗགས་རྩོམ་ཕངས་མེད་དུ་སྩོལ་བར་མཁྱེན། དེ་དང་འབྲེལ་ཏེ་དོ་སྣང་བྱ་དགོས་པའི་གནད་དོན་འགའ།
 ༡ རྩོམ་ཡིག་གི་རྗེས་སུ་རང་ཉིད་ཀྱི་མིང་དང་ཕོ་མོ། ལས་གནས། འབྲེལ་གཏུག་ཁ་པར། སྡོད་གནས་སོགས་རྒྱ་བོད་ཤན་སྦྱར་གྱི་ལམ་ནས་འབྲི་རོགས་ཞུ།  
 ༢ དཔྱད་རྩོམ་ལ་ནང་དོན་གནད་བསྡུས་དང་བརྡ་ཆད་གཙོ་བོ་སོགས་སྒྲིག་གཞི་ཁ་ཚང་ཞིག་ཡོད་དགོས།
 ༣ འདི་གར་བསྐུར་བའི་རྩོམ་ཡིག་གི་ཁ་བྱང་རྒྱ་བོད་ཤན་སྦྱར་གྱིས་གསལ་བོར་འབྲི་དགོས།
 ༤  གཞན་རྩོམ་བརྐུ་བཤུ་དང་པར་སྐྲུན་ཉིས་ཟློས་སོགས་པར་དབང་དང་འགལ་བའི་གནས་ཚུལ་བྱུང་ཚེ། རྩོམ་པ་པོས་འགན་འཁུར་དགོས།
 ༥ 《རི་བོ་ཉི་ཟླ》དུས་དེབ་ཏུ་བཀོད་པའི་རྩོམ་ཡིག་ལ་རྩོམ་གྱི་ཚད་གཞི་ལྟར་འོས་འཚམ་གྱི་རྩོམ་ཡོན་གནང་རྒྱུ་ཡིན་ལ། རྒྱ་ཆེའི་རྩོམ་པ་པོ་རྣམས་ཀྱིས་སྒྲུང་གཏམ་དང་དཔྱད་རྩོམ།  ལྷུག་རྩོམ་མང་ཙམ་བསྐུར་རྒྱུ་མཁྱེན།
 ༦ ཉིད་ཀྱི་རྩོམ་ཡིག་དུས་དེབ་ཐོག་ཏུ་འགོད་ཐུབ་ཚེ། ཡིག་ཟམ་དང་ཡང་ན་ཁ་པར་གྱི་ལམ་ནས་དུས་དེབ་གཞན་པའི་སྟེང་དུ་མི་འགོད་པའི་བརྡ་སྦྱོར་བྱེད་སྲིད།
འབྲེལ་གཏུགས་ཁ་པར། 0974-8512338
ཡིག་ཟམ་གྱི་ཨང་གྲངས། 2650157125@qq.com

ཞེས《རི་བོ་ཉི་ཟླ》དུས་དེབ་རྩོམ་སྒྲིག་ཁང་ནས།
2016ལོའི་ཟླ7པའི་ཚེས25ཉིན་ལ།


འབྲེལ་ཡོད་འོས་སྦྱོར།