logo

མང་རྫོང་གིས《མང་ཆུ》འདོན་ཐེངས་གཉིས་པའི་མ་རྩོམ་ཞུ་དག་བྱ་བའི་བཞུགས་མོལ་གྲོས་ཚོགས་བསྡུས།

རྩོམ་པ་པོ།:མང་རྫོང་བོད་སྐད་ཡིག་བྱ་བའི་གཞུ ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2016-06-15 ཀློག་གྲངས།:

མང་རྫོང་གིས《མང་ཆུ》འདོན་ཐེངས་གཉིས་པའི་མ་རྩོམ་ཞུ་དག་བྱ་བའི་བཞུགས་མོལ་གྲོས་ཚོགས་བསྡུས།
མང་རྫོང་གིས《མང་ཆུ》འདོན་ཐེངས་གཉིས་པའི་མ་རྩོམ་ཞུ་དག་བྱ་བའི་བཞུགས་མོལ་གྲོས་ཚོགས་བསྡུས།


གྲོས་ཚོགས་ཡུལ་དངོས།

     《མང་ཆུ》རྩོམ་རིག་ལོ་དེབ་ཀྱི་བརྗོད་བྱ་བདེ་ཐང་དང་རྣམ་པ་སྣ་མང་། ནང་དོན་ཕུན་སུམ་ཚོགས་པ་སྔར་ལས་ཁག་ཐེག་བྱས་ཏེ། མང་རྫོང་རིག་གནས་ཀྱི་ཕྱིའི་མཚན་སྙན་མཐོར་འདེགས་དང་ས་གནས་ཀྱི་རྩོམ་པ་པོ་སྐྱེད་སྲིང་གིས། མང་རྫོང་གི་ཕུལ་བྱུང་རིག་གནས་རྒྱུན་འཛིན་དར་སྤེལ་ལ་དམིགས་ནས། སྤྱི་ཟླ6པའི་ཚེས13ཉིན་གྱི་ཕྱི་དྲོར། རྫོང་བོད་སྐད་ཡིག་གཞུང་ལས་ཁང་གིས་རྩོམ་པ་པོ་གྲགས་ཅན་སྟག་འབུམ་རྒྱལ་དང་གངས་འཚོ་སོགས་མང་རྫོང་གི་རྩོམ་རིག་ལ་དགའ་མོས་ཡོད་པའི་འབྲེལ་ཡོད་མི་སྣ20ལྷག་བསྡུས་ནས། 《མང་ཆུ》འདོན་ཐེངས་གཉིས་པའི་མ་རྩོམ་ཞུ་དག་བྱ་བའི་བཞུགས་མོལ་གྲོས་ཚོགས་བསྡུས། རྫོང་ཨུའི་རྒྱུན་ཨུའམ་དྲིལ་སྒྲོག་པུའུ་ཀྲང་། རྫོང་དཔོན་གཞོན་པ་འབྲུག་འབུམ་རྒྱལ་ལགས་གྲོས་ཚོགས་ལ་ཞུགས།
     གྲོས་ཚོགས་སྟེང་། དུས་དེབ་ཀྱི་གཙོ་སྒྲིག་པ་བློ་མཐུན་ཀླུ་མཚོ་སྐྱིད་ཀྱིས་འདོན་ཐེངས་དང་པོའི་རྩོམ་བསྡུ་དཔར་སྐྲུན་དང་འདོན་ཐེངས་གཉིས་པའི་རྩོམ་བསྡུའི་གནས་ཚུལ་ངོ་སྤྲོད་གསལ་བོ་བྱས་ལ། ལག་བསྟར་རྩོམ་སྒྲིག་པ་བློ་མཐུན་ལྷ་ཆེན་རྒྱལ་གྱིས་ལེ་ཚན་སོ་སོའི་རྩོམ་སྒྲིག་འགན་འཁུར་བར་ལས་བགོས་ཞུ་དག་བྱ་བ་ཁྱབ་སྒྲོག་བྱས། ཚོགས་ཞུགས་མི་སྣ་ཡོངས་ཀྱིས་རྩོམ་གྱི་འདེམ་སྟངས་དང་ནང་དོན་བཀོད་སྒྲིག  པར་ངོས་ཇུས་འགོད། ལེ་ཚན་བཀོད་སྒྲིག་སོགས་ཕྱོགས་གང་ཅིའི་ཐད་ནས་བསམ་འཆར་བརྗེ་རེས་མང་དུ་སྤེལ་བ་བརྒྱུད་དགོས་ངེས་ཀྱི་གནད་དོན་ཁ་ཤས་གྲོས་བསྡུར་ཐག་གཅོད་བྱས། རྫོང་དཔོན་གཞོན་པ་འབྲུག་འབུམ་རྒྱལ་གྱིས་གྲོས་ཚོགས་ལ་གཏམ་བཤད་གལ་ཆེན་གནང་།
     རྫོང་དཔོན་གྱིས《མང་ཆུ》རྩོམ་རིག་ལོ་དེབ་ཀྱི་ཡུན་རིང་འཕེལ་རྒྱས་ལ་དམིགས་ནས་ཕྱོགས་གསུམ་གྱི་སྒོ་ནས་གཏམ་བཤད་གནང་བ་སྟེ། གཅིག་ནི་རྩོམ་རིག་ལོ་དེབ་ཀྱིས་ངེས་པར་དུ་རྫོང་ཨུ་དང་རྫོང་སྲིད་གཞུང་གི་ཡང་དག་འགོ་ཁྲིད་ལ་བརྩི་མཐོང་དང་ཆབ་སྲིད་ཀྱི་ལངས་ཕྱོགས་བརྟན་པོ་སྒོས་རྩོམ་གྱི་འདེམ་ཐོན་འགག་སྒོ་དམ་པོར་འཛིན་པ། མི་རིགས་མཐུན་སྒྲིལ་དང་སྤྱི་ཚོགས་འཆམ་མཐུན་ལ་འགལ་བའི་བརྩམས་ཆོས་གཏན་འགོག་བྱས་ནས་རྩོམ་དེབ་ཀྱི་ནང་དོན་ཁག་ཐེག་བྱེད་པ། གཉིས་ནི་རྩོམ་དེབ་འཕེལ་རྒྱས་ཀྱི་དམིགས་ཡུལ་གཙོ་བོ་ནི་སྒྱུ་རྩལ་བརྩམས་ཆོས་ཕུལ་བྱུང་སྤྱད་ནས་སྤྱི་ཚོགས་ལ་མཁའ་དབུགས་ལེགས་པོ་བསྐྲུན་རྒྱུ་དེ་ཡིན་ལ། རྩོམ་ལ་དགའ་མོས་ཡོད་པའི་ན་གཞོན་རྩོམ་པ་པོ་མང་པོ་ཞིག་གི་ཧུར་བརྩོན་རང་བཞིན་སློང་ཅི་ཐུབ་བྱས་ནས། ས་གནས་ཀྱི་ཕུལ་བྱུང་རིག་གནས་སྔོག་འདོན་དང་ཁྱད་ཆོས་གསར་བརྩོན། སྲོལ་རྒྱུན་བཟང་བོ་བསྐྱངས་ནས་ས་གནས་རྩོམ་པ་པོའི་དཔུང་ཁག་གསོ་སྐྱོང་ལ་འབད་པ་བྱེད་རྒྱུ། གསུམ་ནི་དུས་དེབ་ཀྱི་གཙོ་སྒྲིག་པ་དང་ལག་བསྟར་རྩོམ་སྒྲིག་པ། ལེ་ཚན་རྩོམ་སྒྲིག་པ་སོ་སོས་སྲིད་གཞུང་དང་དུས་དེབ་ལ་འགན་ལེགས་པོ་འཁུར་ནས་དུས་དེབ་ཀྱི་དོན་ཚན་སོ་སོར་རང་གི་འགན་འཁྲི་ལེགས་པོ་སྤེལ་བ་དང་། འཁོར་སྐྱོད་རྣམ་པ་བཟང་བོ་ཞིག་དང་སྒྲིག་ཁོངས་འཐུས་ཚང་ཆགས་པར་བྱས་ནས་དུས་དེབ་ཀྱི་ཡུན་རིང་འཕེལ་རྒྱལ་ལ་རྨང་གཞི་ལེགས་པོ་ཞིག་འདིང་དགོས་ཞེས་བསྟན།


འབྲེལ་ཡོད་འོས་སྦྱོར།