logo

མགོ་ལོག་རྟ་བོར་ས་ཁུལ་གྱིས་དྲུག་གཅིག་བྱིས་པའི་དུས་ཆེན་བསུས་པ།

རྩོམ་པ་པོ།:བློ་བཟང་ཆོས་འཛིན། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2016-06-08 ཀློག་གྲངས།:

མགོ་ལོག་རྟ་བོར་ས་ཁུལ་གྱིས་དྲུག་གཅིག་བྱིས་པའི་དུས་ཆེན་བསུས་པ།

     ཉེ་སྔོན། མགོ་ལོག་རྟ་བོར་ས་ཁུལ་གྱི་ཆུང་འབྲིང་སློབ་གྲྭ་དག་གིས་མགོ་ལོག་ཁུལ་གེ་སར་བཀོད་ཐང་དུ་གཅིག་གྱུར་གྱིས་ན་ཆུང་བྱིས་པ་དག་གིས་ཡུན་རིང་ལ་རེ་སྒུག་བྱས་ཤིང་ནམ་ཡང་ཁོ་ཚོའི་སེམས་ཀྱི་ཟབ་སར་ཉར་བའི་དྲུག་གཅིག་བྱིས་པའི་དུས་ཆེན་བསུ་བའི་མཛད་སྒོ་སྤེལ།
     དེ་ནི་བྱིས་པ་ཚོ་ནར་སོན་གྱི་གོ་རིམ་ཁྲོད་དུ་ལང་ཚོའི་གཟི་དཔལ་རྒྱས་ས་དང་སྤོབས་པའི་གད་རྒྱངས་སྒྲོག་ས།  ལུས་ཀྱི་སྟངས་སྟབས་ངོམ་ས་བཅས་ཡིན་པས། གདོང་ལ་ཡིད་ཆེས་དང་སྤོབས་པས་བརྟས་པའི་ཁོ་ཚོས། རང་རང་གི་འཇོན་ནུས་ལྟར་རིག་པའི་རྩལ་དང་ལུས་ཀྱི་ཉམས་ལས་ཐོན་པའི་ཐུན་མོང་མ་ཡིན་པའི་རིག་རྩལ་འཁྲབ་སྟོན་གང་མང་ཞིག་རང་ས་གནས་ཀྱི་ཡུལ་མི་སྤུན་ཟླ་རྣམས་ཀྱི་རྣ་བའི་བཅུད་དང་མིག་གི་དགའ་སྟོན་དུ་ཕུལ་བར་མ་ཟད། མ་འོངས་འབྱུང་འགྱུར་གྱི་བཞུད་ལམ་རིང་མོ་རུ་ཁོ་ཚོ་ལ་མདུན་ལམ་སྔར་ལས་ཡངས་ཤིང་གདམ་ག་གང་མང་ཞིག་ལ་བརྩོན་ལེན་བྱས་ཆོག་པའི་བདེ་དཔང་ཞིག་ཀྱང་ཞོར་ལ་ར་སྤྲོད་བྱས་སོ།།


འབྲེལ་ཡོད་འོས་སྦྱོར།