logo

གམ་པ་རྫོང་གུར་མེ་ཤང་ཆ་ཚང་སློབ་ཆུང་གི་དྲུག་གཅིག་བྱིས་པའི་དུས་ཆེན་དགའ་བས་བསུས།

རྩོམ་པ་པོ།:ཚེ་དབང་དཔལ་འབྱོར། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2016-06-02 ཀློག་གྲངས།:


གམ་པ་རྫོང་གུར་མེ་ཤང་ཆ་ཚང་སློབ་ཆུང་གི་དྲུག་གཅིག་བྱིས་པའི་དུས་ཆེན་དགའ་བས་བསུས།


བྲོ་འཁྲབ་པའི་རྣམ་པ།


གར་ཆུང་འཁྲབ་སྟོན།


ཞབས་བྲོ་འཁྲབ་སྟོན།


དེང་རབས་ཞབས་བྲོ་འཁྲབ་སྟོན།

     རྣམ་དག་གི་བྱིས་པ་ཚོ་ནི་མ་འོངས་པའི་རེ་བ་དང་། མེས་རྒྱལ་གྱི་བདག་པོ། མི་རིགས་ཀྱི་མེ་ཏོག་ལྟ་བུ་རེད། དེ་ན་ཁོ་ཚོར་དགའ་སྐྱིད་ལྡན་པ་དང་སྤྲོ་སྣང་གི་ཁེངས་པའི་དུས་ཆེན་ལེགས་པོ་ཞིག་གཏོང་ཐུབ་ཆེད། སྤྱི་ཟླ6པའི་ཚེས1ཉིན། གཞིས་རྩེ་གྲོང་ཁྱེར་གམ་པ་རྫོང་གུར་མེ་ཤང་ཆ་ཚང་སློབ་ཆུང་གི་དགེ་སློབ་རྣམས་ཀྱི་ཟླ་གཅིག་ལྷག་ཙམ་གྱི་འབད་བརྩོན་འོག་དྲུག་གཅིག་བྱིས་པའི་དུས་ཆེན་གྱི་ཕུན་སུམ་ཚོགས་པའི་བྱེད་སྒོ་ཞིག་བདེ་བླག་ངང་སྤེལ་བ་རེད།
     བྱེད་སྒོ་འདི་ནི་ཞོགས་པའི་ཆུ་ཚོད་བཅུ་གཅིག་ཐོག་སྙན་འཇེབས་ལྡན་པའི་རྒྱལ་གླུའི་ཁྲོད་དངོས་སུ་འགོ་ཚུགས། དེའི་ཉིན་ནི་གནམ་མཁའ་སྔོ་ཞིང་དྭངས་ལ་ཉེ་འཁོར་གྱི་ཁོར་ཡུག་དག་རྣམ་ཀུན་དང་མི་འདྲ་བར་ལྷག་པར་མཛེས།  དེ་རྗེས་སློབ་གྲྭའི་བྱེད་སྒོའི་ཚོགས་ཆུང་གི་བཀོད་སྒྲིག་བཞིན་སྔ་རྗེས་སུ་རྒྱ་གླུ་ལེན་པ་དང་རྒྱ་དར་བསྒྲེངས་བ། ལོ་ཆུང་གདོང་ལེན་རུ་མིའི་རུ་དར་སྒྲིག་པ། ཕུལ་བྱུང་སློབ་མར་གཟེངས་སྟོད་བྱེད་པ། བློ་རིག་གསལ་བའི་བྱིས་པ་ཚོས་གཅིག་མཇུག་གཉིས་མཐུད་ངང་མི་རིགས་ཁྱད་ཆོས་ལྷག་པར་མངོན་པའི་ནང་མ་སྟོད་གཞས་དང་འཁྲབ་ཚན་ཐུང་ཁྲས་དེ་བཞིན་དེང་དུས་ཁྱད་ཆོས་ལྡན་པའི་འཁྲུག་ཆ་དོད་པའི་བྱིས་པའི་ཞབས་བྲོ་སོགས་རིག་རྩལ་བྱེད་སྒོ་སྣ་ཚོགས་འཁྲབ་སྟོན་བྱས་ཡོད།


འབྲེལ་ཡོད་འོས་སྦྱོར།