logo

མཚོ་ལྷོ་ཁུལ་གྱིས་མཚོ་སྔོན་པོའི་རླངས་འཁོར་ལྗོངས་ཕྱིའི་འགྲན་བསྡུར་ལ་གྲ་སྒྲིག་བྱ་བ་བསྒྲུབ་པ།

རྩོམ་པ་པོ།:ཚེ་རིང་འབུམ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2016-05-28 ཀློག་གྲངས།:

 ཚལ་རྔ་འགག་བཅའ་སྡོད་སློབ་ཆུང་ལ་རིན་ཐང་སྒོར་ཁྲི2ལྷག་གི་གློག་ཀླད་གནང་བ།
ཚལ་རྔ་འགག་བཅའ་སྡོད་སློབ་ཆུང་ལ་རིན་ཐང་སྒོར་ཁྲི2ལྷག་གི་གློག་ཀླད་གནང་བ།


ཞལ་འདེབས་འབུལ་བའི་ཡུལ་དངོས།

     རྒྱུས་ལོན་པ་ལྟར་ན། སྤྱི་ཟླ8པའི་ཚེས25ཉིན། ཀྲུང་གོ་མཚོ་སྔོན་པོ་མཐོ་སྒང་རླངས་འཁོར་ལྗོངས་ཕྱིའི་འགྲན་བསྡུར་སྐབས་དང་པོ་དེ་མཚོ་ལྷོ་ཁུལ་གསེར་ཆེན་རྫོང་ནས་བསྡུ་རྒྱུ་རེད། སྤྱི་ཟླ5བའི་ཚེས25ཉིན། སྐབས་དང་པོའི་ཀྲུང་གོ་མཚོ་སྔོན་པོ་མཐོ་སྒང་རླངས་འཁོར་ལྗོངས་ཕྱིའི་འགྲན་བསྡུར་གྱི་ལམ་དཔྱད་རུ་ཁག་མི30ལྷག་ཚལ་རྔ་འགག་ཏུ་ཡོང་ནས་འགྲན་བསྡུར་སྔོན་གྱི་བྱ་བ་སྣ་ཚོགས་ལ་གྲ་སྒྲིག་ལེགས་པོ་བྱས།
     ཡུལ་དངོས་ནས་ཞལ་འདེབས་འབུལ་བའི་བྱ་འགུལ་སྤེལ་བ་དང་། པེ་ཅིན་ཀྲུང་ཨན་ཀྲིན་ཧི་སྐྱེ་དངོས་ཚན་རྩལ་ཚད་ཡོད་ཀུས་ཟིས་ཚལ་རྔ་འགག་བཅའ་སྡོད་སློབ་ཆུང་ལ་རིན་ཐང་སྒོར་ཁྲི2ལྷག་གི་གློག་ཀླད་གནང་ལ། ཧྲང་ཧེ་ནས་ཡོང་བའི་ན་གཞོན་གླུ་མ་ཧོང་ལིན་གྱིས་སློབ་མ་ཚོར་རོལ་དབྱངས་ཀྱི་སློབ་ཁྲིད་བྱས་ཤིང་། སློབ་མ་ཚོ་དང་མཉམ་དུ་བསམ་བློ་བརྗེ་རེས་བྱས།


འབྲེལ་ཡོད་འོས་སྦྱོར།