logo

ཁྲི་ཀ་རྫོང་མི་རིགས་བཅའ་སྡོད་སློབ་གྲྭས《དབྱར་ཟླ་བཞི་བའི་རྨི་ལམ》ཞེས་པའི་རིག་རྩལ་དགོང་ཚོགས་བསྡུས།

རྩོམ་པ་པོ།:སྟག་རིག་འབྲུག་ཐར། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2016-05-23 ཀློག་གྲངས།:

ཁྲི་ཀ་རྫོང་མི་རིགས་བཅའ་སྡོད་སློབ་གྲྭས《དབྱར་ཟླ་བཞི་བའི་རྨི་ལམ》ཞེས་པའི་རིག་རྩལ་དགོང་ཚོགས་བསྡུས།
ཁྲི་ཀ་རྫོང་མི་རིགས་བཅའ་སྡོད་སློབ་གྲྭས《དབྱར་ཟླ་བཞི་བའི་རྨི་ལམ》ཞེས་པའི་རིག་རྩལ་དགོང་ཚོགས་བསྡུས།


ཁྲི་ཀ་རྫོང་མི་རིགས་བཅའ་སྡོད་སློབ་གྲྭས《དབྱར་ཟླ་བཞི་བའི་རྨི་ལམ》ཞེས་པའི་རིག་རྩལ་དགོང་ཚོགས་བསྡུས།

     སློབ་གྲྭའི་རིག་གནས་མཁའ་དབུགས་ལ་གསོན་ཤུགས་གསར་བ་འདྲེན་པ་དང་། སློབ་མའི་སྒྱུ་རྩལ་གྱི་ནུས་པ་སྔོག་འདོན། སློབ་མའི་སློབ་གསེང་གི་འཚོ་བ་ཕུན་སུམ་ཇེ་ཚོགས་སུ་གཏོང་ཆེད། སྤྱི་ཟླ5བའི་ཚེས18ཉིན་གྱི་དགོང་མོར། ཁྲི་ཀ་རྫོང་མི་རིགས་བཅའ་སྡོད་སློབ་གྲྭའི་བརྩོན་འགྲུས་གླིང་གིས《དབྱར་ཟླ་བཞི་བའི་རྨི་ལམ》ཞེས་པའི་སྣ་འཛོམས་རང་བཞིན་ཅན་གྱི་རིག་རྩལ་དགོང་ཚོགས་ཤིག་སློབ་རའི་ལུས་རྩལ་ཐང་དུ་དགེ་སློབ2000ལྷག་གི་མིག་གི་དགའ་སྟོན་དུ་ཕུལ།
     གཟའ་འཁོར་གཅིག་ལྷག་ཏུ་འཛིན་བདག་རྣམ་པས་སློབ་ཁྲིད་ཞོར་གྱི་དུས་ཚོད་བཙལ་ཏེ་གཟབ་ནན་དང་ཧུར་སྒོས་ཐུན་མོང་མ་ཡིན་པའི་མཛུབ་སྟོན་འོག་ཏུ་བོད་ཀྱི་རྩམ་དྲི་དང་མར་དྲི་མ་ཡལ་བའི་དམངས་སྲོལ་རིག་རྩལ་ཏེ། ཁ་ཤགས་དང་བཞད་གར། བཤད་པ་དང་འབྲས་དཀར། དམངས་གླུ་དང་རྡུང་ལེན། ཨ་རྩེད་སོགས་གླུ་གར་གཞས་གསུམ་ལ་སྦྱངས་པ་ལྷོད་མེད་བྱས་ནས་དུས་ཚོད་གཅིག་རིང་གི་དུས་ཡུན་ལ་རྒྱ་ཆེའི་ལྟ་མཁན་པར་བློ་ཡིད་ཚིམ་ཞིང་སེམས་པ་སྒུལ་བའི་རིག་རྩལ་དགོང་ཚོགས་གྱ་ནོམ་པ་ཞིག་བསྟན།
     ཐོག་མར་མདོ་འཛིན་པ་ཆུང་ཆུང་གཉིས་ཀྱི་གསལ་དག་སྙན་གསུམ་གྱི་མགོ་རྩོམ་ཁྱབ་བསྒྲགས་བརྒྱུད། གངས་ལྗོངས་ཀྱི་རྣམ་ཤེས་ཞེས་པའི་བོད་རིགས་ཀྱི་ཞབས་བྲོ་ཞིག་གིས་དགོང་ཚོགས་ཀྱི་ཡོལ་རས་ཕྱེ་ཞིང་། རིམ་བཞིན་དུ་རྒྱ་གར་ཞབས་བྲོ་དང་ཤོམ་འགྲོ། སོག་རིགས་ཞབས་བྲོ། ཨ་རྩེད། རྡུང་ལེན། གླུ་གཞས་སོགས་འཛིན་གྲྭ་སོ་སོའི་གང་བཟང་གང་ཡག་གི་བྲོ་ལྭ་གསར་བ་དང་ཉམས་འགྱུར་དོད་པའི་སྟངས་སྟབས་རེ་རེ་ཡིས་མི་རབས་གསར་བ་ཞིག་གི་རེ་བ་མངོན་ཞིང་། མ་འོངས་རྗེས་འཛིན་པའི་སྒྱུ་རྩལ་གྱི་དྭངས་མ་རྙེད། གར་སྟེགས་སྟེང་གི་འཁྲབ་སྟོན་དུས་ཡུན་སྐར་མ་འགའ་ལས་མེད་ན་ཡང་། མཛེས་སྡུག་གི་འཕྱོར་ལྭ་དང་ཞལ་ངོ་མཛེས་བཟོ་བྱས་པའི་གྲ་སྒྲིག་ཕུན་སུམ་ཚོགས་པས་རྩེད་མོ་རེ་རེ་ལ་ཁྱད་ཆོས་ལྡན་ཞིང་རྩེད་མོ་རེ་རེ་ཡིས་གོ་བསྐོན་སློབ་གསོ་དང་རབ་གཙང་གི་སེམས་འདུན་རྣལ་མ་དེ་རྟོགས་འོངས། ལྷག་པར་དུ་གར་སྟེགས་སྟེང་གི་འཛུམ་ཆུང་དང་བློ་སྤོབས་ཆེ་བའི་ཡོན་ཏན། འཁྲབ་འཆད་ལེན་གསུམ་གྱི་ལྷན་སྐྱེས་ཤེས་རབ་ཀྱིས་འབྱུང་འགྱུར་རིག་གནས་སྒྱུ་རྩལ་གྱི་ལམ་བུ་སྔར་ལས་ཡངས་ཤིང་མདུན་ལྗོངས་འོད་དུ་འཚེར་བར་ར་སྤྲོད་བྱས་འདུག སྐར་འགོད་པ་དང་རྩིས་འགོད་པའི་འདྲ་མཉམ་དང་དྲང་བཞག་གི་དཔྱད་བསྡུར་བརྒྱུད། ཨང་དང་པོ་དང་གཉིས་པ། གསུམ་པ་བཅས་ཀྱི་བྱ་དགའི་རྣམ་གྲངས་བཀོད་སྒྲིག་བྱས་ཏེ། མཐའ་མར་མདོ་འཛིན་པའི་བཀྲ་ཤིས་ཁ་གཡང་དང་འགྲོགས་ཏེ་རྟིང་སྐུལ་ཚུལ་དུ་ལེགས་སྐྱེས་མི་དམན་པ་གནང་།
     རེབ་འདིའི་དགོང་ཚོགས་ཀྱིས་ང་ཚོས་ཤེས་བྱ་གང་སྦྱང་ན་ཡང་། རྨང་གཞི་བརྟན་པོ་དང་ཐོག་མའི་གོམ་པ་བརྟན་ཞིང་བརླིང་བར་གྱུར་ཚེ། ལས་རིགས་གང་དང་བསླབ་ཁག་གང་སྦྱང་པར་གྱུར་ཚེ། མི་འགྲུབ་པའི་བྱ་བ་ཞིག་འཇིག་རྟེན་ན་དཀོན་པ་མངོན་པར་མཚོན་ཡོད་ཅིང་། ང་ཚོ་རང་ཉིད་ནས་བློ་རིག་རྒོད་པ་དང་ན་སོ་གཞོན་དུས་ཧུར་བརྩོན་སྒོས་ཤེས་བྱ་རེ་རེ་ངང་བས་འོ་མ་ལེན་པ་བཞིན་འབད་འབུངས་བྱ་རྒྱུ་གཙོ་ཆེ་བ་ཤུགས་སུ་བསྟན་ཡོད་དོ། །


འབྲེལ་ཡོད་འོས་སྦྱོར།