མཚོ་སྔོན་དགེ་ཐོན་སློབ་ཆེན་མཛེས་རྩལ་སྡེ་ཁག་གི་མཐར་ཕྱིན་སློབ་མའི་བརྩམས་ཆོས་འགྲེམ་སྟོན་སྤེལ།
སྤྱི་ཟླ5བའི་ཚེས15ཉིན། ཟི་ལིང་གྲོང་ཁྱེར་ཞའོ་ཆའོ་ལམ་སྡོད་དམངས་ལྟེ་གནས་དང་མཚོ་སྔོན་དགེ་ཐོན་སློབ་ཆེན་རྒྱུ་རྩལ་སྡེ་ཁག་གཉིས་ཀྱིས་མཉམ་དུ་སྒྲུབ་པའི་མཚོ་སྔོན་དགེ་ཐོན་སློབ་ཆེན་མཛེས་རྩལ་སྡེ་ཁག་གི2016ལོའི་མཐར་ཕྱིན་སློབ་མའི་བརྩམས་ཆོས་འགྲེམ་སྟོན་དེ་ཟི་ལིང་གྲོང་ཁྱེར་ཞའོ་ཆའོ་ལམ་སྡོད་དམངས་ལྟེ་གནས་སུ་སྤེལ་ཞིང་། སློབ་གྲྭ་དེ་ལས་ཐོན་པའི2012ལོའི་ཀྲུང་གོའི་རི་མོ་དང་། སྣུམ་མཚོན་རི་མོ། མཐོང་ཚོར་བརྒྱུད་བསྒྲགས་ཇུས་འགོད། གྲངས་འབོར་སྨྱན་བྱད་སྒྱུ་རྩལ་སོགས་ཁ་ཕྱོགས་བཞིའི་ཆེད་ལས་ཀྱི་མཐར་ཕྱིན་སློབ་མ111ཡི་བརྩམས་ཆོས་འགྲེམ་སྟོན་ལ་ཞུགས་ལ། སྤྱི་ཟླ5བའི་ཚེས20ཉིན་བར་སྤེལ་རྒྱུ་རེད།
རྒྱུས་ལོན་པ་ལྟར་ན། འདི་ནི་སློབ་གྲྭ་འདིའི་མཐར་ཕྱིན་སློབ་མའི་བརྩམས་ཆོས་ཐོག་དང་པོར་ཕྱི་ནས་འགྲེམ་སྟོན་བྱས་པ་ཡིན་པས་ཚོད་ལྟ་ཐེངས་ཤིག་དང་ཐོལ་བརྒལ་ཐེངས་ཤིག་ཀྱང་ཡིན། མཐར་ཕྱིན་སློབ་མ་མང་པོས་ལས་ཁུངས་དང་གྲོས་མཐུན་གན་རྒྱ་བཞག་ཡོད་ལ། ཐེངས་འདིའི་འགྲེམ་སྟོན་ནི་དགེ་སློབ་དང་ཕྱི་རོལ་བར་སྒྱུ་རྩལ་བརྗེ་རེས་ཀྱི་སྟེགས་བུ་ཞིག་སྐྲུན་པ་དང་མཉམ་དུ། མཐར་ཕྱིན་སློབ་མའི་ལས་ཞུགས་ལའང་སྔར་ལས་སྐུལ་འདེད་བྱས་ཡོད།