logo

མཚོ་ནུབ་ཁུལ་གྱི་མཐོ་རིམ་སློབ་འབྲིང་འཛུགས་སྐྲུན་བྱས་ཚར་ཏེ་བཀོལ་སྤྱོད་བྱེད་མགོ་བརྩམས།

རྩོམ་པ་པོ།:མི་གསལ། ཡོང་ཁུངས།:མཚོ་སྔོན་བོད་སྐད་རྒྱང་སྒྲོག དུས་ཚོད།:2016-03-04 ཀློག་གྲངས།:
     ཉེ་སྔོན། མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་མཐོ་རིམ་སློབ་འབྲིང་ནང་དུ་སློབ་མ་བསྡུས་ཤིང་། མཚོ་ནུབ་ཁུལ་མཐོ་རིམ་སློབ་འབྲིང་ནི་མཚོ་ནུབ་ཁུལ་གྱི་སློབ་གསོའི་ལས་དོན་འཕེལ་རྒྱས་ཀྱི་དམངས་ཚིས་བཟོ་སྐྲུན་གལ་ཆེན་ཞིག་ཡིན་པར་མ་ཟད། ད་ལྟའི་མཚོ་ནུབ་ཁུལ་གྱི་གསར་དུ་འཛུགས་སྐྲུན་བྱས་པའི་གཞི་རྒྱ་ཆེས་ཆེ་ཞིང་། སྒྲིག་ཆས་ཆེས་ཕུལ་དུ་བྱུང་བའི་མཐོ་རིམ་སློབ་འབྲིང་ཞིག་ཡིན།
     མཚོ་ནུབ་ཁུལ་མཐོ་རིམ་སློབ་འབྲིང་ནི་ཉིས་སྟོང་བཅུ་གཉིས་ལོའི་ཟླ་གཉིས་པའི་ཚེས་དགུ་ཉིན་གསར་དུ་འཛུགས་སྐྲུན་བྱས་ཤིང་། སློབ་གྲྭ་ཡོངས་སུ་བསྡོམས་པས་སློབ་མ1700ལྷག་དང་། དགེ་བཟོ་བ153ཡོད། འཛུགས་སྐྲུན་སྤྱིའི་རྒྱ་ཁྱོན་ལ་མུས་གྲུ་བཞི་མ47000ལྷག་ཡོད་ལ། དེའི་ཐད་སྤྱིའི་མ་དངུལ་སྒོར་དུང་ཕྱུར16.7བཏང་། དེ་རུ་སློབ་ཁྲིད་ཐོག་ཁང་དང་། ཚོད་ལྟའི་སློབ་ཁྲིད་ཐོག་ཁང་། དཔེ་མཛོད་ཁང་། མལ་ཁང་། ཟ་ཁང་། ལུས་རྩལ་ར་བ། སྲིད་འཛིན་གཞུང་སྒྲུབ་ཁང་། དགེ་རྒན་ཐོག་ཁང་སོགས་བསྡོམས་པས་ཐོག་ཁང18ལས་ཡོད།  ལས་གཞི་འདིས་མཚོ་ནུབ་ཁུལ་གྱི་སློབ་གསོའི་ལས་དོན་འཕེལ་རྒྱས་ཐད་ཤུགས་རྐྱེན་ཐེབས་པར་མ་ཟད། རྒྱ་ཆེའི་མི་དམངས་མང་ཚོགས་ལ་ཁྱད་ཆོས་ལྡན་པའི་སློབ་གསོའི་ཐོན་ཁུངས་གྱ་ནོམ་པ་ཞིག་མཁོ་སྤྲོད་བྱས།


འབྲེལ་ཡོད་འོས་སྦྱོར།