མཚོ་སྔོན་ཁྲིམས་ཁང་གིས་སྐད་གཉིས་ཁྲིམས་དཔོན་གསོ་སྐྱོང་གི་ཁྲིམས་གཅོད་ནུས་པར་ཤུགས་བསྣན།
རྩོམ་པ་པོ།:མི་གསལ།
ཡོང་ཁུངས།:མཚོ་སྔོན་གསར་འགྱུར་དྲ་བ།
དུས་ཚོད།:2016-03-03
ཀློག་གྲངས།:
རྒྱ་བོད་སྐད་གཉིས་སྨྲ་བའི་ཁྲིམས་དཔོན་གསོ་སྐྱོང་བྱ་བ་ནི་མཚོ་སྔོན་ཞིང་ཆེན་ཁྲིམས་ཁང་གི་གསོ་སྐྱོང་ཁྱད་ཆོས་མངོན་པར་མཚོན་ཐུབ་པའི་གསོ་སྐྱོང་ལས་གཞི་གལ་ཆེན་ཞིག་ཏུ་གྱུར་ཚར་ཡོད་ཅིང་། མི་རིགས་ས་གནས་ཁྲིམས་ཁང་གིས་སྐད་གཉིས་སྨྲ་བའི་ལམ་ནས་ཁྲིམས་གཅོད་བྱ་བ་གཉེར་བར་འཇོན་ཐང་མི་སྣ་གསོ་སྐྱོང་གི་ཐད་ལ་བྱེད་ནུས་མི་དམན་པ་བཏོན་ཡོད། ན་ནིང་ལོ་མཇུག་བར་དུ། མཚོ་སྔོན་གྱིས་བསྟུད་མུར་ལོ་བདུན་རིང་ལ་རྒྱ་བོད་སྐད་གཉིས་སྨྲ་བའི་ཁྲིམས་དཔོན་གསོ་སྐྱོང་འཛིན་གྲྭ་བསྒྲུབས། མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་ཁུལ་དྲུག་གི་འབྲིང་རིམ་ཁྲིམས་ཁང་དང་། གཞི་རིམ་ཁྲིམས་ཁང་སོ་ལྔ། ཀན་སུའུ་ཁྲིམས་ཁང་ཁ་ཤས་བཅས་ནས་སྔ་གཞུག་ཏུ་མི420ལྷག་ལ་སྐད་གཉིས་སྨྲ་བའི་ཁྲིམས་དཔོན་ཟབ་སྦྱོང་འཛིན་གྲྭ་བསྡུས། གོང་གི་གནས་ཚུལ་འདི་ནི་མཚོ་སྔོན་ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་གིས་བསྡུས་པའི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་རྒྱུས་ལོན་བྱུང་བའི་གནས་ཚུལ་རེད།
རྒྱུས་ལོན་བྱུང་བ་ལྟར་ན། དུས་ཡུན་རིང་བོར་མཚོ་སྔོན་ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་གིས་སྐད་གཉིས་སྨྲ་བའི་ཁྲིམས་དཔོན་གསོ་སྐྱོང་བྱ་བར་མཐོང་ཆེན་བླ་མེད་གནང་ནས། ཧུར་བརྩོན་ཆེན་པོས་སྐད་གཉིས་ཁྲིམས་གཅོད་བྱ་བར་ཡར་སྐུལ་བྱས། སྤུས་ཚད་མཐོ་བའི་སྐད་གཉིས་སྨྲ་བའི་ཁྲིམས་དཔོན་གསོ་སྐྱོང་འཛིན་གྲྭ་བསྡུས་པའི་དུས་མཚུངས་སུ། ཞིང་ཆེན་ཡོངས་ཀྱི་ཁུལ་དྲུག་ཁྲིམས་ཁང་གི་རྒྱ་བོད་སྐད་གཉིས་སྨྲ་བའི་ཁྲིམས་དཔོན་གྱི་ཡིག་རིགས་གཉིས་ཀའི་རྨང་གཞི་ཅུང་ལ། ལོ་ཙཱའི་ཆུ་ཚད་དམའ་བ། སྐད་གཉིས་ཁྲིམས་གཏུག་བྱེད་ནུས་ཞན་པ། ས་གནས་དེ་དག་གི་བཅའ་ཁྲིམས་བརྡ་ཆད་དང་གཏུག་བཤེར་བརྡ་ཆད་ལོ་ཙཱ་བྱས་པ་མི་དག་པ། ས་གནས་ཀྱི་ལུང་སྐད་ཚབས་ཆེ་བ་བཅས་ཀྱི་དངོས་ཡོད་ལ་དམིགས་བཙུགས་ནས། ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་གིས་སྤོབས་པ་ཆེན་པོས་ལག་ལེན་འཚོལ་དཔྱོད་དང་། རྒྱ་བོད་སྐད་གཉིས་ལོ་ཙཱའི་རྩ་བའི་གཞུང་ལུགས་དང་ཉེས་དོན་དང་དམངས་དོན། སྲིད་འཛིན་གྱོད་གཏུག་ཁྲིམས་གཅོད་བཅས་ཀྱི་གོ་རིམ་ཁྲོད་གནས་པའི་བཅའ་ཁྲིམས་སྐོར་གྱི་བརྡ་ཆད་ཚང་མ་ཚད་ལྡན་ཡོང་བར་ཞིབ་འཇུག་བྱས་ཏེ། བརྡ་ཆད་གཅིག་གྱུར་གཏན་འབེབས་ཡང་དག་བཟོས་མཐར། དེ་བསྟུན་ཕན་འབྲས་མངོན་གསལ་བླངས་ཡོད། མིག་སྔར། མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་བོད་ཁུལ་ཁྲིམས་ཁང་སོ་སོར་ཆ་སྙོམས་རྒྱ་བོད་སྐད་གཉིས་སྨྲ་བའི་ཁྲིམས་དཔོན2ནས3བཀོད་སྒྲིག་བྱས་ཡོད་ལ། སྐད་གཉིས་སྨྲ་བའི་ཁྲིམས་དཔོན་གྱི་ཁྲིམས་གཅོད་བྱེད་ནུས་མངོན་གསལ་དུ་ཇེ་དྲག་ལ་སོང་ཡོད།

འབྲེལ་ཡོད་འོས་སྦྱོར།