logo

མང་རྫོང་རབ་རྒན་སྡེ་བར་སློབ་གསོའི་རོགས་སྐྱོར་བྱེད་སྒོ་སྤེལ་བ།

རྩོམ་པ་པོ།:མི་གསལ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2016-02-15 ཀློག་གྲངས།:

མང་རྫོང་རབ་རྒན་སྡེ་བར་སློབ་གསོའི་རོགས་སྐྱོར་བྱེད་སྒོ་སྤེལ་བ།
མང་རྫོང་རབ་རྒན་སྡེ་བར་སློབ་གསོའི་རོགས་སྐྱོར་བྱེད་སྒོ་སྤེལ་བ།

     2016ལོའི་སྤྱི་ཟླ2ཚེས13ཉིན། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་མང་རྫོང་རབ་རྒན་སྡེ་བའི་སློབ་གསོ་རོགས་སྐྱོར་མཐུན་ཚོགས་ཀྱིས་རབ་རྒན་སློབ་གསོ་རོགས་སྐྱོར་མཐུན་ཚོགས་ཀྱི་སྐབས་བརྒྱད་པའི་སློབ་མར་སློབ་དངུལ་རོགས་སྐྱོར་གནང་བའི་མཛད་སྒོ་གཟབ་རྒྱས་ངང་འཚོགས།


སློབ་གསོའི་རོགས་དངུལ།

     ཚོགས་འདུའི་སྟེང་མཐུན་ཚོགས་ཀྱི་འབྲེལ་ཡོད་མི་སྣས་ལོ་སྔོན་མའི་བྱ་བ་སྤྱི་བསྡོམས་དང་། ལོ་རྗེས་མའི་བྱ་བའི་འཆར་གཞི་བསྒྲགས་པ་དང་། མཐོ་འབྲིང་ཡན་གྱི་སློབ་མར་རོགས་སྐྱོར་གནང་བའི་བྱེད་སྒོ་དངོས་སུ་སྤེལ་བ་རེད།  ད་ལོར་དངོས་གཞི་སློབ་མ18ལ་སློབ་མ་རེར་རོགས་སྐྱོར་སྒོར2700དང་། ཆེད་སྦྱོང་སློབ་མ19ལ་སློབ་མ་རེར་རོགས་སྐྱོར་སྒོར1800། མཐོ་འབྲིང་སློབ་མ31ལ་སློབ་མ་རེར་རོགས་སྐྱོར་སྒོར900བཅས་བསྡོམས་པས་སློབ་མ68ལ་དམངས་སྒོར110700ཡིས་རོགས་སྐྱོར་གནང་བ་རེད།
     གཞན་མི་རིགས་སྲོལ་རྒྱུན་རིག་གནས་འཛིན་སྐྱོང་སྤེལ་གསུམ་དང་ལོ་སར་གྱི་འཚོ་བ་ཕུན་སུམ་ཚོགས་པར་རིག་རྩལ་སྤྲོ་ཚོགས་ཀྱང་བསྡུས་པ་རེད།
     རྒྱུས་ལོན་བྱས་པ་ལྟར་ན། ལོ་ངོ་བརྒྱད་ཀྱི་ནང་རབ་རྒན་སློབ་གསོ་རོགས་སྐྱོར་མཐུན་ཚོགས་ཀྱིས་སློབ་མར་རོགས་དངུལ་སྒོར488295ཡིས་རོགས་སྐྱོར་གནང་བ་མ་ཟད། ད་ལོར་མང་ར་ཡུལ་ཚོ་ནས་འབྱོར་བ་ཞན་པའི་སློབ་མ་འགའ་ལ་སློབ་ཡོན་གྱི་ཕྱོགས་ནས་རོགས་སྐྱོར་གནང་རྒྱུ་རེད།


འབྲེལ་ཡོད་འོས་སྦྱོར།