logo

བོད་ཡིག་དྲི་བ་ཀུན་འདུས་དྲ་བའི་རྩོམ་སྒྲིག་པའི་གསག་སྐར་མཐོ་དམན་གྱི་བྱ་དགའ་སྤྲོད་རྒྱུ་ཡིན་པ།

རྩོམ་པ་པོ།:བོད་ཡིག་དྲི་བ་ཀུན་འདུས། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2016-01-19 ཀློག་གྲངས།:

བོད་ཡིག་དྲི་བ་ཀུན་འདུས་དྲ་བ།
བོད་ཡིག་དྲི་བ་ཀུན་འདུས་དྲ་བ།


བོད་ཡིག་དྲི་བ་ཀུན་འདུས་དྲ་མཛོད་ཆེན་མོ།


གངས་རྒོད་སྤྲོ་སྐྱིད་གླིང་།

     བོད་ཡིག་དྲི་བ་ཀུན་འདུས་ཤར་གཏོང་བྱས་ནས་ལོ་གཅིག་ཙམ་རིང་རྒྱ་ཆེའི་རྩོམ་སྒྲིག་པ་དང་ཀློག་པ་པོ། དེ་བཞིན་སྤྱི་ཚོགས་སྡེ་ཚན་ཁག་ནས་ཤུགས་ཆེའི་རྒྱབ་སྐྱོར་གནང་བར་དྲི་བ་ཀུན་འདུས་དྲ་བས་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་དང་སླད་མ་འོངས་པར་དྲ་བའི་ནུས་པ་དང་གསར་སྒྱུར་ཐད་ལེགས་བཅོས་གང་ཡག་བྱེད་རྒྱུ་ཡིན།  ལྷག་དོན་ཆོས་ཁྲིམས་དང་སྲིད་ཁྲིམས་གཉིས་ལ་མཐུན་པའི་ལྗང་ལྡོག་ཅན་གྱི་དྲ་བའི་ཁོར་ཡུག་བསྐྲུན་ཐུབ་པ་ཞུ་རྒྱུ་ཡིན།
     ད་ཐེངས2016ལོའི་ཟླ6པའི་ནང་བོད་ཡིག་དྲི་བ་ཀུན་འདུས་དྲ་བའི་རྩོམ་སྒྲིག་པའི་གསག་སྐར་མཐོ་དམན་གྱི་བྱ་དགའ་སྤྲོད་རྒྱུའི་བྱེད་སྒོ་སྤེལ་རྒྱུ་ཡིན་པ་དང་དྲ་བའི་ཐོག་རྩོམ་སྒྲིག་པ་ཐོ་འགོད་བྱེད་པར་ཚོད་འཛིན་གང་ཡང་མེད་པས་རྒྱ་ཆེའི་ཀློག་པ་པོ་ཡོངས་ང་ཚོའི་བྱེད་སྒོར་བཞུགས་ཆོག  བྱ་དགའ་རིམ་པ་བཅུར་དབྱེ་རྒྱུ་དང་བྱ་དགའི་ནང་གསེས་ཞིབ་པར་འདིར་མ་བརྗོད་ཀྱང་བྱ་དགའ་གྱ་ནོམ་པ་ཡིན་པ་ཁས་ལེན་ཡོད།
གསག་སྐར་ཐོབ་ཐབས།
དྲི་བ་གསར་པ་ཁ་སྣོན།

1 དྲི་བ་གཅིག་བཏོན་ན་གསག་སྐར3སྣོན་རྒྱུ།
2 ཁྱེད་ཀྱིས་བཏོན་པའི་དྲི་གཞི་འདི་དྲི་གཞི་ཡག་ཤོས་སུ་འདེམས་ཡོད་ན་བྱ་དགའི་གསག་སྐར15སྣོན་རྒྱུ།
3 དྲི་གཞི་ལ་ཡིད་མཐུན་ཤོག་བྱང་ཐོབ་ན་ཤོག་བྱང་རེར་གསག་སྐར3རེ་སྣོན་རྒྱུ།
4 དྲི་གཞི་ལ་ངོ་རྒོལ་ཤོག་བྱང་ཐོབ་ན་ཤོག་བྱང་རེར་གསག་སྐར3རེ་འཐེན་རྒྱུ།
དྲིས་ལན་ཁ་སྣོན།
1 ཁྱེད་ཀྱིས་དྲིས་ལན་གཅིག་འདེབས་ན་གསག་སྐར15སྣོན་རྒྱུ།
2 ཁྱེད་ཀྱིས་གནང་བའི་དྲིས་ལན་འདི་ལན་དྲིས་ལན་ཡག་ཤོས་འདེམས་ཡོད་ན་བྱ་དགའི་གསག་སྐར15སྣོན་རྒྱུ།
3 དྲིས་ལན་ལ་ཡིད་མཐུན་ཤོག་བྱང་ཐོབ་ན་ཤོག་བྱང་རེར་གསག་སྐར12རེ་སྣོན་རྒྱུ།
4 དྲིས་ལན་ལ་ངོ་རྒོལ་ཤོག་བྱང་ཐོབ་ན་ཤོག་བྱང་རེར་གསག་སྐར12རེ་འཐེན་རྒྱུ།
     དེ་མིན་དྲ་གནས་དམིགས་གསལ་བྱེད་སྒོའི་དུས་ཚོད་ནང་གནས་བབས་བྱེད་སྒོ་ལྟར་གསག་སྐར100ལྷག་གི་བྱ་དགའ་སྤྲོད་རྒྱུ་ཡིན།
 

བོད་ཡིག་དྲི་བ་ཀུན་འདུས།
2016ལོའི་ཟླ01པོའི་ཚེས18ཉིན།

 

 

 

འབྲེལ་ཡོད་འོས་སྦྱོར།