མཚོ་སྔོན་གྱིས་སློབ་ལོ་མ་ལོན་པའི་བུ་ཕྲུག་གླ་རིན་མི་དགོས་པར་བུ་བཅོལ་ཁང་དུ་གཏོང་ཚད77%ཟིན་པར་བྱ་རྒྱུ།
རྩོམ་པ་པོ།:མི་གསལ།
ཡོང་ཁུངས།:ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ།
དུས་ཚོད།:2016-01-14
ཀློག་གྲངས།:
མཚོ་སྔོན་ཞིང་ཆེན་ནི་མཚོ་བོད་ས་མཐོའི་ཤར་རྒྱུད་ཀྱི་ཆ་སྙོམས་མཐོ་ཚད་རྒྱ་མཚོའི་ངོས་ལས་སྤྱི་ཁྲི3000ཡན་ལ་གནས་ཤིང་། འབྲོག་ཁུལ་གྱིས་ཞིང་ཆེན་དེ་ཡོངས་ཀྱི་རྒྱ་ཁྱོན་གྱི95%ཟིན་ཡོད། འོན་ཀྱང་བུ་བཅོལ་ཁང་ཆེས་མང་ཆེ་བ་རྫོང་གྲོང་རྡལ་དུ་གཅིག་བསྡུས་བྱས་ཡོད་པས་འབྲོག་པ་དང་ས་ཐག་རིང་བ་དེ་ནི་གཞི་རིམ་གྱི་སློབ་ལོ་མ་ལོན་གོང་གི་སློབ་གསོ་གོང་འཕེལ་གཏོང་རྒྱུའི་དཀའ་རྐྱེན་ཆེན་པོ་ཞིག་ཏུ་གྱུར་ཡོད་པ་རེད།
གོང་གསལ་གྱི་གནས་ཚུལ་ལ་དམིགས་ཏེ། ལོ་ལྔའི་འཆར་འགོད་བཅུ་གཉིས་པའི་རིང་། མཚོ་སྔོན་ཞིང་ཆེན་གྱིས་སྔ་ཕྱིར་སློབ་ལོ་མ་ལོན་གོང་གི་སློབ་གསོའི་ལོ་གསུམ་གྱི་བྱ་སྤྱོད་འཆར་གཞི་དུས་མཚམས་གཉིས་ལ་དབྱེ་ནས་ལག་བསྟར་བྱས་ཐོག་མ་དངུལ་ཁྱོན་སྒོར་དུང་ཕྱུར20བཏང་ནས་གཞི་རིམ་དང་། ལྷག་པར་དུ་འབྲོག་ཁུལ་གྱི་སློབ་ལོ་མ་ལོན་པའི་སློབ་གསོ་གོང་འཕེལ་གཏོང་རྒྱུར་སྐུལ་འདེད་བཏང་བ་དང་། གཞི་ཁྱོན་འོས་འཚམ་དང་བདེ་འཇགས་དང་ཐག་ཉེ་བའི་རྩ་་དོན་ལྟར་གཞུང་བཙུགས་ཀྱི་བུ་བཅོལ་ཁང120ལྷག་ཙམ་གསར་བཙུགས་དང་སྒྱུར་བཅོས། རྒྱ་སྐྱེད་བཅས་བྱས་པར་མ་ཟད། དམངས་གཉེར་བུ་བཅོལ་ཁང300ལྷག་ཙམ་ལ་བྱ་དགའ་དང་ཁ་གསབ་རོགས་དངུལ་སྤྲད་ཡོད་པ་རེད།
མིག་སྔའི་བར་འཆར་གཞི་ལྟར་མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་སློབ་ལོ་མ་ལོན་པའི་ཕྲུ་གུ་གླ་རིན་མི་དགོས་པར་བུ་བཅོལ་ཁང་དུ་སྐྱེལ་ཚད77%ཟིན་པ་དེ་ལོ་ལྔའི་འཆར་འགོད་བཅུ་གཅིག་པ་ལས16.67%མཐོ་རུ་ཕྱིན་ཡོད་པས་རྒྱལ་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་ལས་བརྒལ་ཡོད་པ་རེད། འཆར་གཞིར་གཞིགས་ན་སྤྱི་ལོ2016ལོར་མཚོ་སྔོན་ཞིང་ཆེན་གྱིས་སློབ་ལོ་མ་ལོན་གོང་གི་བུ་ཕྲུག་གླ་རིན་མི་དགོས་པར་བུ་བཅོལ་ཁང་དུ་གཏོང་ཚད78%ལ་སླེབས་པར་བྱ་རྒྱུ་རེད།

འབྲེལ་ཡོད་འོས་སྦྱོར།