logo

ཧྲང་ཧེ་དགེ་ཐོན་སློབ་ཆེན་དུ་བོད་རིག་པའི་ཞིབ་འཇུག་ལྟེ་གནས་བཙུགས་པ།

རྩོམ་པ་པོ།:ལྷ་མོ་ཚེ་སྐྱིད་ཀྱིས་བསྒྱུར། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2015-12-24 ཀློག་གྲངས།:


ཧྲང་ཧེ་དགེ་ཐོན་སློབ་ཆེན་དུ་བོད་རིག་པའི་ཞིབ་འཇུག་ལྟེ་གནས་བཙུགས་པ།

སློབ་གཙོ་ཀྲུའུ་ཙི་ཆང་དང་སློབ་གཙོ་གཞོན་པ་བཀྲ་བྷོ་གཉིས་ཀྱིས་བོད་རིག་པའི་ཞིབ་འཇུག་ལྟེ་གནས་ཀྱི་སྒོ་བྱང་བཀལ
སློབ་གཙོ་ཀྲུའུ་ཙི་ཆང་དང་སློབ་གཙོ་གཞོན་པ་བཀྲ་བྷོ་གཉིས་ཀྱིས་བོད་རིག་པའི་ཞིབ་འཇུག་ལྟེ་གནས་ཀྱི་སྒོ་བྱང་བཀལ།

     སྤྱི་ཟླ12པའི་ཚེས15ཉིན། ཧྲང་ཧེ་དགེ་ཐོན་སློབ་ཆེན་གྱི་བོད་རིག་པའི་ཞིབ་འཇུག་ལྟེ་གནས་བཙུགས་པའི་མཛད་སྒོ་དེ་ཤུའུ་ཧོས་སློབ་ཁུལ་གྱི་གྲོས་ཚོགས་ལྟེ་གནས་སུ་སྤེལ་ཞིང་། སློབ་ཆེན་འདིའི་སློབ་གཙོ་ཀྲུའུ་ཙི་ཆང་དང་། མཚོ་སྔོན་དགེ་ཐོན་སློབ་ཆེན་གྱི་སློབ་གཙོ་གཞོན་པ་བཀྲ་བྷོ།  དེ་མིན་ཀྲུང་གོའི་བོད་རིག་པའི་ཞིབ་འཇུག་ལྟེ་གནས་ཚན་ཞིབ་གཞུང་སྒྲུབ་ཁང་གི་འགོ་གཙོ་ཀྲིའུ་ཝེ། 《ཀྲུང་གོའི་བོད་རིག་པའི》སྒྲིག་གཙོ་ཧོང་ཝེ་སི། སི་ཁྲོན་སློབ་ཆེན་སློབ་གསོ་པུའི་ཆེད་ཞུ་དགེ་རྒན་ཆེན་མོ་ཧྲི་ཧྲོའོ། བོད་ལྗོངས་སློབ་ཆེན་སློབ་གསོ་པུའི་ཆེད་ཞུ་དགེ་རྒན་ཆེན་མོ་ཚེ་བརྟན་བཀྲ་ཤིས་སོགས་ཚན་ཞིབ་ལས་ཁུངས་དང་སློབ་ཆེན་གྱི་ཆེད་མཁས་དང་ཤེས་ཡོན་པ20ལྷག་དང་། སློབ་གྲྭའི་མི་དོན་ཁྲུའུ་དང་། སྤྱི་ཚོགས་ཚན་རིག་ཁྲུའུ། འཐབ་ཕྱོགས་པུའུ།  མི་ཆོས་དང་ཁྱབ་སྤེལ་སློབ་གླིང་གི་འགན་ཁུར་བ་སོགས་གདན་ཞུ་བྱས་པ་ལྟར་མཛད་སྒོར་ཞུགས།
     སློབ་གཙོ་ཀྲུའུ་ཙི་ཆང་དང་སློབ་གཙོ་གཞོན་པ་བཀྲ་བྷོ་གཉིས་ཀྱིས་བོད་རིག་པའི་ཞིབ་འཇུག་ལྟེ་གནས་ཀྱི་སྒོ་བྱང་བཀལ་ཏེ་མཛད་སྒོ་མཇུག་སྒྲིལ་རྗེས། ཧྲང་ཧེ་དགེ་ཐོན་སློབ་ཆེན་གྱི་དགེ་རྒན་ཆེན་མོ་ཝང་ཧྲོང་ཁྲིན་གྱིས་བོད་རིག་པའི་ཞིབ་འཇུག་ལྟེ་གནས་ཀྱི་གཞི་རྩའི་གནས་ཚུལ་དང་རྗེས་ཕྱོགས་ཀྱི་བྱ་བའི་འོས་འགན་མཚམས་སྦྱོར་གནང་ཞིང་། ཆེད་མཁས་པ་རྣམས་ཀྱིས་ཀྱང་སོ་སོའི་བསམ་ཚུལ་ལྷུག་པོར་བརྗོད་ལ། ཚེ་བརྟན་བཀྲ་ཤིས་སོགས་ཆེད་མཁས་པ་རྣམས་ཀྱིས་བོད་ཡིག་ཡིག་ཚགས་ཀྱི་ཨང་ཀི་ཅན་དང་། ཡུལ་སྐད་ཞིབ་འཇུག  ཧྲང་ཧེ་དགེ་ཐོན་སློབ་ཆེན་དང་བོད་ལྗོངས་སློབ་ཆེན་གཉིས་མཉམ་འབྲེལ་སྒོས་ཤེས་ལྡན་མི་སྣ་སྐྱེད་སྲིང་སོགས་ཀྱི་ཐད་གཏིང་ཟབ་པའི་བགྲོ་གླེང་མཛད།


འབྲེལ་ཡོད་འོས་སྦྱོར།