logo

མཚོ་སྔོན་རྩོམ་པ་པོ་མཐུན་ཚོགས་ཀྱི་རྩོམ་རིག་བརྩམས་ཆོས15རིག་རྩལ་བརྩམས་ཆོས་ལས་གཞིར་ཚུད།

རྩོམ་པ་པོ།:ལྷ་མོ་ཚེ་སྐྱིད། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2015-12-15 ཀློག་གྲངས།:
     ཉེ་ལམ། ཀྲུང་གུང་མཚོ་སྔོན་ཞིང་ཨུའི་དྲིལ་སྒྲོག་པུས《མཚོ་སྔོན་ཞིང་ཆེན2015-2017ལོའི་གལ་ཆེའི་རིག་རྩལ་བརྩམས་ཆོས་ལས་གཞིའི་མིང་ཐོ》གཏན་འབེབ་དཔར་འགྲེམ་བྱས་ཤིང་། མཚོ་སྔོན་ཞིང་ཆེན་རྩོམ་པ་པོ་མཐུན་ཚོགས་ཀྱིས་མཚམས་སྦྱོར་གནང་བའི་རྩོམ་རིག་བརྩམས་ཆོས15དེའི་གྲས་སུ་ཚུད་པ་རེད།
     《མཚོ་སྔོན་ཞིང་ཆེན2015-2017ལོའི་གལ་ཆེའི་རིག་རྩལ་བརྩམས་ཆོས་ལས་གཞིའི་མིང་ཐོ》ནང་དུ་བརྙན་འཕྲིན་ཟློས་གར་དང་། དངོས་བྲིས་གློག་བརྙན། གློག་བརྙན། ཟློས་གར། རླུང་འཕྲིན་ཟློས་གར། དེ་མིན་རྩོམ་རིག་བརྩམས་ཆོས་བཅས་སྣ6ཡི་རིག་རྩལ་བརྩམས་ཆོས77དང་། དེ་ལས་རྩོམ་རིག་བརྩམས་ཆོས18འདུས། མཚོ་སྔོན་ཞིང་ཆེན་རྩོམ་པ་པོ་མཐུན་ཚོགས་ཀྱིས་མཚམས་སྦྱོར་གནང་བའི་རྩོམ་རིག་བརྩམས་ཆོས15ཡི་ནང་དུ། ལུང་རིན་ཆེན་དང་བསོད་ནམས་ཚེ་རིང་། ཀླུ་སྒྲོལ་མ་སོགས་ཀྱི་སྒྲུང་རིང(རྒྱ་ཡིག)དང་། རྡོ་སྦིས་རྡོ་རྗེའི་ཡུལ་བབ་རིག་གནས་ཐད་ཀྱི་ལྷུག་རྩོམ(རྒྱ་ཡིག)། སྟག་འབུམ་རྒྱལ་གྱི་སྒྲུང་རིང་དང་སྒྲུང་འབྲིང་ཕྱོགས་བསྒྲིགས(རྒྱ་འགྱུར་མ)སོགས་འདུས་པ་ཡིན།


འབྲེལ་ཡོད་འོས་སྦྱོར།