logo

བོད་ཀྱི་རྩོམ་རིག་དང་གེ་སར་རིག་པའི་རིག་ཚན་འཛུགས་སྐྲུན་དཔྱད་གླེང་ཚོགས་འདུ་བསྡུས་པ།

རྩོམ་པ་པོ།:ལྷ་མོ་ཚེ་སྐྱིད། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2015-11-12 ཀློག་གྲངས།:

བོད་ཀྱི་རྩོམ་རིག་དང་གེ་སར་རིག་པའི་རིག་ཚན་འཛུགས་སྐྲུན་དཔྱད་གླེང་ཚོགས་འདུ་བསྡུས་པ།
བོད་ཀྱི་རྩོམ་རིག་དང་གེ་སར་རིག་པའི་རིག་ཚན་འཛུགས་སྐྲུན་དཔྱད་གླེང་ཚོགས་འདུ་བསྡུས་པ།


གྲོས་ཚོགས་ཀྱི་ཟུར་ཞིག

     སྤྱི་ཟླ11པའི་ཚེས6ནས་ཚེས7བར། ལྷོ་ནུབ་མི་རིགས་སློབ་ཆེན་དང་ཀྲུང་གོའི་སྤྱི་ཚོགས་ཚན་རིག་གླིང་མི་རིགས་རྩོམ་རིག་ཁང་གཉིས་མཉམ་འབྲེལ་སྒོས་གཙོ་སྒྲུབ་དང་།  ལྷོ་ནུབ་མི་རིགས་སློབ་ཆེན་བོད་རིག་པའི་སློབ་གླིང་དང་། ཀྲུང་གོའི་སྤྱི་ཚོགས་ཚན་རིག་གླིང་མི་རིགས་རྩོམ་རིག་ཁང་བོད་ཀྱི་རྩོམ་རིག་ཞིབ་འཇུག་ཁང་། རྒྱལ་ཡོངས་གེ་སར་བྱ་བའི་འགོ་ཁྲིད་ཚན་ཆུང་གཞུང་སྒྲུབ་ཁང་བཅས་ཀྱིས་འགན་སྒྲུབ་གནང་བའི་བོད་ཀྱི་རྩོམ་རིག་དང་གེ་སར་རིག་པའི་རིག་ཚན་འཛུགས་སྐྲུན་དཔྱད་གླེང་ཚོགས་འདུ་དེ་ལྷོ་ནུབ་མི་རིགས་སློབ་ཆེན་ཝུའུ་ཧོའུ་སློབ་ཁུལ་དུ་བསྡུས།
     ཀྲུང་གོའི་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱི་འགོ་གཙོ་གཞོན་པ་དང་། ཀྲུང་གོའི་རྩོམ་པ་པོ་མཐུན་ཚོགས་ཀྱི་མཚན་འཛིན་འགོ་གཙོ་གཞོན་པ། ཀྲུང་གོའི་པིར་ཚོགས་ལྟེ་གནས་ཀྱི་ཚོགས་གཙོ་བསྟན་འཛིན་དང་། རྒྱལ་ཁབ་མི་རིགས་ལས་དོན་ཨུ་ཡོན་ལྷན་ཁང་གི་འགོ་གཙོ་གཞོན་པའམ་ཀྲུང་གོའི་བོད་ལྗོངས་རིག་གནས་སྲུང་སྐྱོབ་དང་འཕེལ་རྒྱས་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ། འབུམ་རམས་པའི་ཁྲིད་སྟོན་དགེ་རྒན་དོན་གྲུབ་དབང་འབུམ། སི་ཁྲོན་ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པའམ་འབུམ་རམས་པའི་ཁྲིད་སྟོན་དགེ་རྒན་ནོར་བུ་རྒྱ་མཚོ། སི་ཁྲོན་ཞིང་ཆེན་རིག་གནས་ཐིན་དང་ཀྲུང་གོའི་སྤྱི་ཚོགས་ཚན་རིག་གླིང་མི་རིགས་རྩོམ་རིག་ཁང་གི་འབྲེལ་ཡོད་འགོ་ཁྲིད་ཐེངས་འདིའི་ཚོགས་འདུར་ཞུགས་ལ། ཀྲུང་གོའི་སྤྱི་ཚོགས་ཚན་རིག་གླིང་དང་། ཀྲུང་གོའི་བོད་རིག་པའི་ཞིབ་འཇུག་ལྟེ་གནས། མི་རིགས་དཔེ་སྐྲུན་ཁང་། མཚོ་སྔོན་ཞིང་ཆེན་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས། མཚོ་སྔོན་ཞིང་ཆེན་མི་རིགས་དཔེ་སྐྲུན་ཁང་། ཀྲུང་དབྱང་མི་རིགས་སློབ་ཆེན། བོད་ལྗོངས་སློབ་ཆེན། ནུབ་བྱང་མི་རིགས་སློབ་ཆེན། མཚོ་སྔོན་མི་རིགས་སློབ་ཆེན། ཡུན་ནན་མི་རིགས་སློབ་ཆེན་སོགས་ཞིབ་འཇུག་ལས་ཁུངས་དང་སློབ་གླིང་གི་འབྲེལ་ཡོད་ཤེས་ཡོན་པ་དང་། མིང་གྲགས་རྩོམ་པ་པོ། སྙན་ངག་པ། གེ་སར་སྒྲུང་བ་སོགས་ཀྱང་ཐེངས་འདིའི་ཚོགས་འདུར་ཞུགས།
     དུས་ཡུན་ཉིན་གཉིས་ཀྱི་གྲོས་ཚོགས་སུ། ཆེད་མཁས་པ་དང་ཤེས་ཡོན་པ70ལྷག་གིས་དེང་རབས་རྒྱབ་ལྗོངས་འོག་གི་བོད་ཀྱི་རྩོམ་རིག་གནས་བབ་དང་བསམ་གཞིག བོད་ཀྱི་རྩོམ་རིག་གཞུང་ལུགས་བསམ་ཕྱོགས་དང་འཛུགས་སྐྲུན་གནད་དོན། བོད་ཀྱི་རྩོམ་རིག་ཁྲོད་ཀྱི་སྣ་མང་རིག་གནས་དང་སྐྱོན་བརྗོད་ཞིབ་འཇུག   གེ་སར་རིག་པའི་གནས་བབ་དང་བསམ་གཞིག  འབྲེལ་ཡོད་གེ་སར་རིག་པའི་རིག་ཚན་འཛུགས་སྐྲུན་དང་འཕེལ་རྒྱས་གནད་དོན། བོད་ཀྱི་རྩོམ་རིག་དང་གེ་སར་རིག་པའི་རིག་ཚན་འཛུགས་སྐྲུན་ཕན་ཚུལ་སྐུལ་སློང་སོགས་བརྗོད་དོན་གྱི་ཐད་གྲོས་ཚོགས་གཏམ་བཤད་སྤེལ་བ་དང་། རིག་གཞུང་འཆད་ཁྲིད་ཁང7། རུ་ཚན་བགྲོ་གླེང་ཁང12། དཔྱད་རྩོམ80སྤྲད་པ་བཅས་བྱས་ཏེ། བོད་ཀྱི་རྩོམ་རིག་འཕེལ་རྒྱས་དང་གེ་སར་རིག་པའི་རིག་ཚན་འཛུགས་སྐྲུན་ཐད་གཏིང་ཟབ་པའི་འབྲེལ་འདྲིས་བྱས།


འབྲེལ་ཡོད་འོས་སྦྱོར།