《གཙང་གསུམ་ཆུ་འགོའི་ཚན་རིག་རྟོག་ཞིབ་ཀྱི་ས་བཀྲ་ཕྱོགས་བསྡུས》དཔེ་སྐྲུན་བྱས།
རྩོམ་པ་པོ།:མི་གསལ།
ཡོང་ཁུངས།:ཀྲུང་གོའི་མི་དམངས་དྲ་བ།
དུས་ཚོད།:2015-11-05
ཀློག་གྲངས།:
ཉེ་ཆར། མཚོ་སྔོན་ཞིང་ཆེན་ཐིག་རིས་ས་ཁམས་ཆ་འཕྲིན་ཅུས་ནས་ཤེས་རྟོགས་བྱུང་བར་གཞིགས་ན། 《གཙང་གསུམ་ཆུ་འགོའི་ཚན་རིག་རྟོག་ཞིབ་ཀྱི་ས་བཀྲ་ཕྱོགས་བསྡུས》དངོས་སུ་དཔེ་སྐྲུན་བྱས་ནས་གཙང་གསུམ་ཆུ་འགོ་གསོན་ཉམས་ལྡན་པ་དང་ཕྱོགས་ཡོངས་ནས་སྐྱེ་བོ་ཀུན་གྱི་མིག་ལམ་དུ་ཐོག་མར་འཆར་རྒྱུ་རེད།
ད་ཐེངས་དཔེ་སྐྲུན་འགྲེམས་སྤེལ་བྱས་པའི《གཙང་གསུམ་ཆུ་འགོའི་ཚན་རིག་རྟོག་ཞིབ་ཀྱི་ས་བཀྲ་ཕྱོགས་བསྡུས》ནང《གཙང་གསུམ་ཆུ་འགོར་སྐྱོད་པ》དང་། 《གཙང་གསུམ་ཆུ་འགོ་ངོས་འཛིན་བྱེད་པ》 《གཙང་གསུམ་ཆུ་འགོར་རྟོག་ཞིབ་བྱེད་པ》 《གཙང་གསུམ་ཆུ་འགོ་འཚོལ་ཞིབ་བྱེད་པ》བཅས་པར་རིས་སྡེབ་བྲིས་བཞི་ཚུད་པར་ཁྱོན་ཆེད་དོན61ཡོད་པ་རེད།
ས་བཀྲའི་ནང་དོན་གཙོ་བོ་ཚང་མ2008ལོའི་གཙང་གསུམ་ཆུ་འགོའི་ཚན་རིག་རྟོག་ཞིབ་བྱེད་སྒོའི་ཚན་རིག་ཞིབ་འཇུག་གི་གྲུབ་འབྲས་གལ་ཆེན་ལས་ཐོབ་པ་དང་གཙང་གསུམ་ཆུ་འགོའི་ས་ཁུལ་གྱི་ཆུ་འགོ19ལ་རྟོག་ཞིབ་དང་ཕྱོགས་བསྡུས་ལྟ་ཞིབ་ཚད་ལེན་བྱས་པ་བརྒྱུད་ཐིག་རིས་དང་། གནམ་གཤིས། ཆུ་དཔྱད། འཁྱག་རོམ། ས་གཤིས། ཁོར་ཡུག ས་ཁམས་སོགས་ཀྱི་ཚན་རིག་གཞི་གྲངས་དང་དཔྱད་ཡིག་ནས་གཙང་གསུམ་ཆུ་འགོའི་ས་ཁུལ་གྱི་སྣོད་བཅུད་གཞི་གྲངས་ཀྱི་སྟོང་ཆ་མང་པོ་བསྐངས་ཡོད་པ་རེད།
《གཙང་གསུམ་ཆུ་འགོའི་ཚན་རིག་རྟོག་ཞིབ་ཀྱི་ས་བཀྲ་ཕྱོགས་བསྡུས》དེས་རྨང་གཞིའི་ས་ཁམས་ཆ་འཕྲིན་གྱི་གཞི་གྲངས་དང་འཇིག་རྟེན་འཕུར་སྐྱོད་དང་མཁའ་འགྲུལ་གྱི་བརྙན་པར་གཞི་གྲངས་གཞི་རྟེན་དུ་བྱས་ནས་ས་བཀྲ་དང་། བརྙན་པར། པར་རིས། རེའུ་མིག ཡི་གེ་སོགས་བྱ་ཐབས་སྣ་ཚོགས་སྤྱད་དེ་གཙང་གསུམ་ཆུ་འགོའི་ས་ཁུལ་གྱི་རང་བྱུང་དང་། སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས། ཐོན་ཁུངས། ཁོར་ཡུག སྣོད་བཅུད་སོགས་ཕྱོགས་ཁག་གི་གནས་ཚུལ་གོ་རིམ་ལྡན་པ་དང་སྒོ་ཀུན་ནས་མཚོན་པ་མ་ཟད། གཙང་གསུམ་ཆུ་འགོའི་ཁུལ་ཤེས་རྟོགས་དང་སྲུང་སྐྱོང་ལ་དཔྱད་ཡིག་དང་གཞི་གྲངས་ཕུན་སུམ་ཚོགས་པོ་ཞིག་མཁོ་འདོན་བྱས་ཡོད་པ་རེད།

འབྲེལ་ཡོད་འོས་སྦྱོར།