ཁམས་པའི་རྩོམ་པ་པོའི་བརྩམས་ཆོས་གསར་པ་ཁྱབ་སྒྲོག་དང་དབྱིན་འགྱུར་སྒྲུང་རིང4དཔེ་སྐྲུན་བྱས།
ཁམས་པའི་རྩོམ་པ་པོའི་བརྩམས་ཆོས་གསར་པ་ཁྱབ་སྒྲོག་དང་དབྱིན་འགྱུར་སྒྲུང་རིང4དཔེ་སྐྲུན་བྱས།
ཁམས་པའི་རྩོམ་པ་པོའི་བརྩམས་ཆོས་གསར་པ་ཁྱབ་སྒྲོག་དང་དབྱིན་འགྱུར་སྒྲུང་རིང4དཔེ་སྐྲུན་བྱས།
སྤྱི་ཟླ11པའི་ཚེས1ཉིན། ཀྲུང་གོའི་རྩོམ་པ་པོ་མཐུན་ཚོགས་གྲངས་ཉུང་མི་རིགས་རྩོམ་རིག་ཨུ་ཡོན་ལྷན་ཁང་དང་ཀྲུང་གོ་གྲངས་ཉུང་མི་རིགས་ཀྱི་རྩོམ་པ་པོའི་རིག་གཞུང་ལྷན་ཚོགས། སི་ཁྲོན་ཞིང་ཆེན་རྩོམ་པ་པོའི་མཐུན་ཚོགས། ཀྲུང་གུང་དཀར་མཛེས་ཁུལ་ཨུའི་དྲིལ་བསྒྲགས་པུའུ་བཅས་ཀྱིས་གཙོ་གཉེར་དང་། མི་རིགས་རྩོམ་རིག་དུས་དེབ་ཁང་དང་སི་ཁྲོན་ཞིང་ཆེན་རྩོམ་པ་པོ་མཐུན་ཚོགས་ཀྱི་གསར་སྐྲུན་ཞིབ་འཇུག་ཁང་། དཀར་མཛེས་ཁུལ་རིག་རྩལ་ལྷན་ཚོགས། དཀར་མཛེས་ཉིན་རེའི་ཚགས་པར་ཁང་། ཡུལ་ཤུལ་ཁུལ་རིག་རྩལ་ལྷན་ཚོགས། བདེ་ཆེན་ཁུལ་རིག་རྩལ་ལྷན་ཚོགས། དཀར་མཛེས་ཁུལ་རྩོམ་པ་པོའི་མཐུན་ཚོགས་བཅས་ཀྱིས་འགན་སྒྲུབ་གནང་བའི་དཀར་མཛེས་ཁུལ་གྱི་རྩོམ་པ་པོ་དར་རྒྱས་དང་བཀྲ་ཤིས། རྣམ་རྒྱལ་གསུམ་གྱི་བརྩམས་ཆོས་ཞིབ་འཇུག་དང་། ཁམས་པའི་རྩོམ་ཚོགས་ཀྱི་གསར་རྩོམ་ཁྱབ་སྒྲོག་ཚོགས་འདུ་དེ་ཁྲིན་ཏུའུ་གྲོང་ཁྱེར་དུ་གཟབ་རྒྱས་ངང་ཚོགས་པ་རེད།
ཚོགས་ཐོག་ཏུ་དཀར་མཛེས་ཁུལ་གྱི་རྩོམ་པ་པོ3གྱི་བརྩམས་ཆོས་ལ་ཞིབ་འཇུག་བྱས་ཤིང་། གཅིག་བསྡུས་ཀྱིས་ཁམས་པའི་རྩོམ་པ་པོའི་གསར་རྩོམ་ཁྱབ་སྒྲོག་བྱས། སི་ཁྲོན་ཞིང་ཆེན་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཀྲུའུ་ཞི་དང་རྩོམ་པ་པོ་གྲགས་ཅན་ཨ་ལེ་གྲོས་ཚོགས་སུ་ཞུགས་ཏེ་གསུང་བཤད་གནང་བ་དང་། སི་ཁྲོན་ཞིང་ཆེན་རྩོམ་པ་པོ་མཐུན་ཚོགས་ཀྱི་ཏང་རྩ་འཛུགས་ཀྱི་ཁོངས་མི་དང་ལས་ཁུངས་ཀྱི་ཏང་ཨུ་ཧྲུའུ་ཅི་ལོ་ཡུང་གིས་གྲོས་ཚོགས་ཀྱི་གཙོ་འགན་བཞེས་པ་རེད། དཀར་མཛེས་ཁུལ་ཨུའི་དྲིལ་བསྒྲགས་པུའུ་ཡི་པུའུ་ཀྲང་བྱམས་བློ་མཆོག་གིས་པུའུ་ཀྲང་གཞོན་པ་ཝང་ཀོང་ཏཱ་ལ་མངགས་བཅོལ་གནང་ནས་མཆན་བཀོད་མཛུབ་སྟོན་གལ་ཆེན་གནང་བ་རེད།
ཐེངས་འདིའི་ཁྱབ་སྒྲོག་ཚོགས་འདུའི་ཐོག་རྩོམ་པ་པོ་ཨུའུ་ཡང་མེ་སུའུ་ཡི་སྙན་ངག་ཕྱོགས་བསྡུས《མཚོ་བོད》ཅེས་པ་དང་། བཀྲ་ཤིས་དར་མཚོའི་སྙན་ངག་ཕྱོགས་བསྒྲིགས《མག་མོག་གི་ཞོགས་དུས》། ཚེ་རིང་དོན་གྲུབ་ཀྱི་སྙན་ངག་ཕྱོགས་བསྒྲིགས《མཐོ་སྒང་གི་རྟ་པ》། ཨ་བུ་བསོད་ནམས་ཀྱི་སྙན་ངག་ཕྱོགས་བསྒྲིགས《རྒྱང་རིང་ན་ངའི་ཤ་རུས་ཡོད》། གཡང་མཚོའི་ལྷུག་རྩོམ་ཕྱོགས་བསྒྲིགས《གཤོང་གྲོང》། ཡེ་ཤེས་མཁའ་འགྲོའི་ལྷུག་རྩོམ་ཕྱོགས《རྒྱང་སྐྱོད་སྐོར་གླུ》། བློ་བཟང་སྒྲོལ་མའི་བརྩམས་སྒྲུང་ཕྱོགས་བསྒྲིགས《རལ་གྲི་ཐོག་གི་མིག་ཆུ》། ཨ་ཆུང་གི་བརྩམས་སྒྲུང་ཕྱོགས་བསྒྲིགས《ནམ་མཁའ་སྔར་བཞིན་སྔོ》། ཀྲུའུ་ཡུས་ཧྭ་ཡི་ལྷུག་རྩོམ་ཕྱོགས་བསྒྲིགས《ལོ་བཅུ་ཡི་ཡུལ་ཤུལ》། ཧུའུ་ཏེ་མིང་སོགས་ཀྱིས་བརྩམས་པའི《ཁམས་པའི་དབྱིས་རིགས་རྩོམ་པ་པོའི་བརྩམས་ཆོས་ཕྱོགས་བསྒྲིགས》། དབྱངས་མཚོའི་ལྷུག་རྩོམ་ཕྱོགས་བསྒྲིགས《དྲན་ཤེས་ཐར་ཐོར》། མ་ཅཱ་ཧྭ་ཡི་སྒྲུང་རིང《གཙང་འགྲམ་གྱི་དུད་ཚང》། སྐལ་བཟང་འགྱུར་མེད་ཀྱི་སྒྲུང་རིང《མཚོ་བོད་ཚིག་མཛོད》། ཀླུ་རྒྱལ་པད་མའི་སྙན་ངག་ཕྱོགས་བསྒྲིགས《ཁ་བས་གཡོགས་པའི་རྨི་ལམ་གྱི་ཁྱིམ་གཞིས》། དར་རྒྱས་ཀྱི་སྒྲུང་རིང《ལམ་འགྲོ་བ》། བཀྲ་ཤིས་ཀྱི་ལྷུག་རྩོམ་ཕྱོགས་བསྒྲིགས《གངས་རི་ལ་དབང་བའི་ཁ་བའི་མེ་ཏོག》 རྣམ་རྒྱལ་གྱི་བརྩམས་སྒྲུང་ཕྱོགས་བསྒྲིགས《འཁྱམ་པོའི་ཟིན་བྲིས》བཅས་ཁམས་པའི་རྩོམ་པ་པོའི་བརྩམས་ཆོས་གསར་པ་བསྡོམས་པས17ཁྱབ་སྒྲོག་བྱས་པ་རེད།
རྩོམ་པ་པོ་ཏའེ་ཡུང་གི《ཁམས་པ》དང་འཇམ་དབྱངས་ཚེ་རིང་གི《ཁམས་པའི་རྣམ་པ》། ཅང་ཞིའུ་དབྱིན་གྱི《བུ་ལུང་སྡེ་བའི་དམ་བཅའ》། སྐལ་བཟང་འགྱུར་མེད་ཀྱི《སྦས་པའི་བཞིན་རས》བཅས་བརྩམས་སྒྲུང4དབྱིན་ཡིག་ཏུ་བསྒྱུར་ནས་ཀྲུང་དབྱིས་དཔེ་སྐྲུན་ཚད་ཡོད་སྤྱི་གཉེར་ཁང་གིས་པར་དུ་བསྐྲུན་ཏེ་ཕྱི་རྒྱལ་དུ་འགྲེམ་སྤེལ་བྱས་པ་རེད།