logo

རྒྱལ་ཡོངས་བོད་སྐད་རྒྱང་སྒྲོག་བརྙན་འཕྲིན་རིག་རྩལ་ལེ་ཚན་བརྗེ་རེས་ཚོགས་འདུ་ཐེངས31པ་ཁྲིན་ཏུའུ་རུ་བསྡུས།

རྩོམ་པ་པོ།:མི་ཆུང་། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2015-10-28 ཀློག་གྲངས།:
       ཉེ་ཆར། རྒྱལ་ཡོངས་བོད་སྐད་རྒྱང་སྒྲོག་བརྙན་འཕྲིན་རིག་རྩལ་ལེ་ཚན་བརྗེ་རེས་ཚོགས་འདུ་ཐེངས31པ་དང་རྒྱལ་ཡོངས་བོད་སྐད་རྒྱང་སྒྲོག་བརྙན་འཕྲིན་ལེ་ཚན་དཔྱད་ཞིབ་ཚོགས་འདུ་སྐབས16པ་གཉིས་སི་ཁྲོན་ཁྲིན་ཏུའུ་རུ་བསྡུས། རྒྱང་སྒྲོག་བརྙན་འཕྲིན་གསར་འགྱུར་ལེ་ཚན་དང་རོལ་དབྱངས་རྩོམ་རིག་ཆེད་དོན་ལེ་ཚན། སྙན་སྒྲོན་མདོ་འཛིན་སོགས་ཚོ་ཆེན10ཡིས། རྒྱལ་ཡོངས་ལྗོངས་ཞིང་ལྔའི་བོད་སྐད་རྒྱང་སྒྲོག་བརྙན་འཕྲིན་ནས་ཐོན་པའི་འགྲན་ཞུགས་བརྩམས་ཆོས་རིགས50ལྷག་གི་བརྩམས་ཆོས300ཉེ་བར་དཔྱད་ཞིབ་དང་། དུས་ཚོད30ལྷག་ཡོད་པའི་རྒྱང་སྒྲོག་རིག་རྩལ་ལེ་ཚན་མ་རྩོམ་གྱི་བརྗེ་རེས་བྱས། རྒྱལ་ཡོངས་བོད་སྐད་རྒྱང་སྒྲོག་བརྙན་འཕྲིན་ལེ་ཚན་དཔྱད་ཞིབ་ཚོགས་འདུ་ནི་བོད་སྐད་རྒྱང་སྒྲོག་བརྙན་འཕྲིན་སྒང་གི་གཞི་རྒྱ་ཆེ་ཞིང་ཚད་གཞི་མཐོ་བའི་ལེ་ཚན་དཔྱད་ཞིབ་དང་ལས་སྒོ་བརྗེ་རེས་ཀྱི་ཚོགས་འདུ་གཟབ་རྒྱས་ཤིག་ཡིན། འདིར་རིམ་པ་སོ་སོའི་ཚོགས་ཞུགས་ལས་ཁུངས35ཡིས། ལེ་ཚན་སྒྲིག་བཟོ་དང་ཚན་བྱང་ལེགས་རྩོམ། མི་སྣ་སྐྱེད་སྲིང་སོགས་རྣམ་པས་ཁྱོན་ཡོངས་ནས་བརྗེ་རེས་བརྒྱུད། རྒྱལ་ཡོངས་བོད་སྐད་རྒྱང་སྒྲོག་བརྙན་འཕྲིན་ལེ་ཚན་གསར་རྩོམ་གྲུབ་འབྲས་མངོན་འགྱུར་དང་རྒྱུ་སྤུས་མཐོར་འདེགས་སུ་གཏོང་བཞིན་ཡོད།
      རྒྱུས་ལོན་པ་ལྟར་ན། མཚོ་ནུབ་ཁུལ་གྱིས་བཏོན་པའི་འགྲན་ཞུགས་བརྩམས་ཆོས་ཁྲོད། 《ཉ་སྲུང་བའི་གཟི་ཉམས》ཞེས་པར་སྤྱི་ཚོགས་སློབ་གསོ་རིགས་ཀྱི་བྱ་དགའ་ཨང་དང་པོ་ཐོབ་པ་དང་། 《མི་དང་རང་བྱུང་འཆམ་མཐུན་མཉམ་གནས》ཞེས་པར་གསར་འགྱུར་ཆེད་དོན་རིགས་ཀྱི་བྱ་དགའ་ཨང་གཉིས་པ་ཐོབ། 《ཚྭ་འདམ་རྩོམ་རིག་གི་གཤིན་ས།  གངས་རྒྱན་མེ་ཏོག》ཅེས་པར་རྩོམ་སྒྲིག་དང་སྒྲིག་བཟོའི་རིགས་གཉིས་ཀྱི་བྱ་དགའ་ཐོབ།
      སྐྱེས་འབུལ་དཔྱད་བསྡུར་ཚོགས་འདུའི་ཐོག  དཔྱད་འདེམས་ཨུ་ལྷན་གྱི་ཆེད་མཁས་པ་དང་མཁས་པ་རྣམས་ཀྱིས་མཚོ་ནུབ་ཀྱི་རྒྱང་སྒྲོག་བརྙན་འཕྲིན་བརྩམས་ཆོས་ལ་གདེང་འཇོག་ཚད་མཐོར་གནང་བ་སྟེ། རྒྱལ་ཡོངས་བོད་ཁུལ་གྱི་སྐྱེས་འབུལ་དཔྱད་བསྡུར་ལ་ཞུགས་པའི་ཁུལ་རིམ་པའི་ནང་། མཚོ་ནུབ་ཁུལ་གྱི་ལེ་ཚན་ནང་དོན་ཐད་ཚྭ་འདམ་གཞུང་གི་ཁྱད་ཆོས་འབུར་ཏུ་ཐོན་ལ། ལེ་ཚན་གྱི་རྣམ་པ་དང་རྒྱུ་སྤུས་ཀྱང་ལོ་སྔ་མ་ལས་ཐོད་བརྒལ་བྱུང་བ། བྱ་དགའ་ཐོབ་གྲངས་ཅུང་མང་བས་རྒྱལ་ཡོངས་ཀྱི་ཁུལ་དང་རྫོང་རིམ་པའི་རྒྱང་སྒྲོག་བརྙན་འཕྲིན་ལེ་ཚན་ཀྱི་སྔོན་གྲལ་དུ་བསྐྱོད་ཅེས་བསྔགས་བརྗོད་གནང་།
      ཚོགས་འདུའི་ཐོག  རྒྱལ་ཡོངས་བོད་སྐད་རྒྱང་སྒྲོག་བརྙན་འཕྲིན་རིག་རྩལ་ལེ་ཚན་བརྗེ་རེས་ཚོགས་འདུ་ཐེངས32པ་དང་རྒྱལ་ཡོངས་བོད་སྐད་རྒྱང་སྒྲོག་བརྙན་འཕྲིན་ལེ་ཚན་དཔྱད་ཞིབ་ཚོགས་འདུ་སྐབས17པ་དེ་ཀྲུང་དབྱངས་མི་དམངས་རླུང་འཕྲིན་ཁང་གིས་འགན་སྒྲུབ་གནང་རྒྱུར་ཐག་བཅད་པ་རེད།


འབྲེལ་ཡོད་འོས་སྦྱོར།