logo

རྒྱལ་ཡོངས་མདའ་འཕེན་སློབ་གྲྭ་ཐོག་མ་གཅན་ཚ་རྫོང་དུ་བཙུགས་པ།

རྩོམ་པ་པོ།:མི་གསལ། ཡོང་ཁུངས།:ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ། དུས་ཚོད།:2015-10-20 ཀློག་གྲངས།:

རྒྱལ་ཡོངས་མདའ་འཕེན་སློབ་གྲྭ་ཐོག་མ་གཅན་ཚ་རྫོང་དུ་བཙུགས་པ།
རྒྱལ་ཡོངས་མདའ་འཕེན་སློབ་གྲྭ་ཐོག་མ་གཅན་ཚ་རྫོང་དུ་བཙུགས་པ།

     གཅན་ཚ་རྫོང་ནི་མི་རིགས་མདའ་འཕེན་གྱི་ལོ་རྒྱུས་རྒྱུན་ཆེས་རིང་བའི་རྫོང་ཞིག་ཡིན་ལ། མདའ་རྩལ་རྒྱུད་འཛིན་པ་མང་བོ་གསོ་སྐྱོང་དང་། དམངས་ཁྲོད་སྲོལ་རྒྱུན་རིག་གནས་དར་སྤེལ་གང་ལེགས་བྱ་ཆེད། སྤྱི་ཟླ10བའི་ཚེས14ཉིན། གཅན་ཚ་རྫོང་མི་རིགས་སློབ་འབྲིང་དང་པོ་རུ་རྒྱལ་ཡོངས་མདའ་འཕེན་གཙོ་གནད་སློབ་གྲྭའི་སྒོ་བྱང་དངོས་སུ་བཀལ་བ་དང་། རྒྱལ་ཡོངས་མདའ་འཕེན་སློབ་གྲྭ་ཐོག་མ་ཡང་ཡིན་པས། མཚོ་སྔོན་ཞིང་ཆེན་གྱི་མདའ་རྩལ་པ་གསོ་སྐྱོང་བྱེད་སའི་གནས་གཙོ་བོ་ཞིག་ཏུ་གྱུར་བ་རེད།
     གཅན་ཚ་རྫོང་མི་རིགས་སློབ་འབྲིང་གིས་མུ་མཐུད་དུ་སློབ་གསོའི་སློབ་ཁྲིད་ཀྱི་བྱ་བར་ཤུགས་བསྣན་པ་དང་བསྟུན། དགེ་སློབ་རྣམས་ཀྱི་སློབ་གསེང་རིག་གནས་འཚོ་བར་གདེང་འཇོག་ཆེན་པོ་བྱས་ཏེ། མི་རིགས་ཀྱི་རིག་གནས་ཉིང་བཅུད་རྒྱུད་འཛིན་གྱི་རྨང་གཞིའི་སྟེང་སྲོལ་རྒྱུན་ལུས་རྩལ་རིག་གནས་བྱ་འགུལ་སྤེལ་བར་སྐུལ་འདེད་སྒོས་མ་འོངས་མདའ་འཕེན་བྱ་གཞག་ལ་ནུས་པ་གལ་ཆེན་འདོན་ངེས།


འབྲེལ་ཡོད་འོས་སྦྱོར།