logo

ཁྲི་ཀ་རྫོང་མི་རིགས་བཅའ་སྡོད་སློབ་གྲྭས་ཡིག་གཟུགས་འགྲན་སྡུར་གྱི་བྱ་འགུལ་སྤེལ།

རྩོམ་པ་པོ།:སྟག་རིག་འབྲུག་ཐར། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2015-10-19 ཀློག་གྲངས།:


ཁྲི་ཀ་རྫོང་མི་རིགས་བཅའ་སྡོད་སློབ་གྲྭས་ཡིག་གཟུགས་འགྲན་སྡུར་གྱི་བྱ་འགུལ་སྤེལ།


ཁྲི་ཀ་རྫོང་མི་རིགས་བཅའ་སྡོད་སློབ་གྲྭས་ཡིག་གཟུགས་འགྲན་སྡུར་གྱི་བྱ་འགུལ་སྤེལ།

ཁྲི་ཀ་རྫོང་མི་རིགས་བཅའ་སྡོད་སློབ་གྲྭས་ཡིག་གཟུགས་འགྲན་སྡུར་གྱི་བྱ་འགུལ་སྤེལ།
ཁྲི་ཀ་རྫོང་མི་རིགས་བཅའ་སྡོད་སློབ་གྲྭས་ཡིག་གཟུགས་འགྲན་སྡུར་གྱི་བྱ་འགུལ་སྤེལ།

     ཡི་གེ་ནི་མི་རིགས་ཤིག་གི་ཟླ་བྲལ་གྱི་རིན་ཆེན་ནོར་བུ་ཡིན་ལ། ཡི་གེ་ཤེས་པའི་རྨང་གཞིའི་སྟེང་དུ་ཡིག་གཟུགས་ལེགས་པོ་ཞིག་ཅིས་ཀྱང་འབྲི་ཤེས་དགོས། ཡིག་གཟུགས་ཡག་པོ་ཞིག་འབྲི་རྒྱུ་ནི་སྨྱུག་ཐོགས་པ་ཞིག་ལ་མཚོན་ན་མེད་དུ་མི་རུང་བའི་གྲུབ་ཆ་གལ་ཆེན་ཞིག་ཡིན་ཞིང་། ཡིག་གཟུགས་ཡག་པོ་ཞིག་འབྲི་བའི་རྩལ་དང་ལྡན་ན་འབྱུང་འགྱུར་སློབ་སྦྱོང་འཚོ་བའི་ཁྲོད་དུའང་རང་ཉིད་ལ་ཕན་པའི་རྒྱུ་རུ་འགྱུར་བ་སྨོས་མེད་རེད། གནད་འདི་དག་ལ་དམིགས་ནས་ཁྲི་ཀ་རྫོང་མི་རིགས་བཅའ་སྡོད་སློབ་གྲྭའི་སློབ་སྟོན་ཁང་དང་ཤེས་རིག་ཡར་སྐུལ་ཚོགས་པའི་འཆར་འགོད་དང་སྣེ་ཁྲིད་འོག་དམའ་འབྲིང་རིམ་པས་ཟླ10བའི་ཚེས16ཉིན་གྱི་ཕྱི་དྲོར། བོད་ཡིག་ཡིག་གཟུགས་འགྲན་སྡུར་གྱི་བྱ་འགུལ་ཞིག་སློབ་གྲྭའི་སྐས་རིམ་ཚོམས་ཆེན་ཁང་དུ་སྤེལ།
     ཐེངས་འདིའི་འགྲན་སྡུར་ལ་དམའ་འབྲིང་འཛིན་གྲྭ31གི་འཛིན་གྲྭ་རེ་ནས་མི་གཉིས་རེ་བདམས་ཏེ་དུས་ཐོག་དེར་ཡི་གེ་འབྲི་བའི་ཡིག་གཟུགས་འགྲན་སྡུར་བྱ་འགུལ་ལ་ཞུགས། དུས་ཚོད་སྐར་མ་བཞི་བཅུ་ཙམ་གྱི་འབྲི་ཡུན་ལ་སློབ་བུ་དག་གིས་འགྲན་སྡུར་གྱི་རེ་བ་ལྟར་དུ་སྨྱུག་བཅད་བཀོལ་ནས་རང་རང་གི་མོས་ཕྱོགས་དང་ལོབས་ཕྱོགས་ལྟར་དུ་དབུ་ཅན་དང་དབུ་མེད་ཀྱི་ལམ་ནས་འགྲན་བསྡུར་བྱས།  ཚིགས་བཅད་ཤོ་ལོ་ཀ་གཅིག་བཀོད་སྒྲིག་པའི་གཏན་འཁེལ་ལྟར་དུ་འགྲན་ཞུགས་པ་སོ་སོས་ནན་ཏན་སྒོས་རང་རང་ལ་རེ་བ་མཐོན་པོ་བཟུང་ཞིང་རང་ནུས་ཀྱི་འབྲི་རྩལ་ངོ་མ་བོ་ཤོག་ངོས་སུ་བརྟན་བརླིང་གིས་ཕབ་ཅི་ཐུབ་བྱས། ཡི་གེ་ཡག་པོ་ཞིག་འབྲི་རྒྱུ་ནི་ཆུང་དུས་ནས་འགོ་བརྩམས་དགོས་ཤིང་། དེ་ནི་སློབ་བུའི་ནན་ཏན་དང་བསྒམ་བརླིང་གི་གཤིས་ཀ་གསོ་བའི་སློབ་གསོའི་གོ་རིམ་ཡག་པོ་ཞིག་ཡིན་ལ། སློབ་བུའི་མཛེས་རྟོག་དང་རྩོམ་འབྲིར་མེད་དུ་མི་རུང་བའི་རྨང་གཞིའི་ནུས་པ་ཞིག་ཡིན་པས།  རེབ་འདིའི་བྱ་འགུལ་ཁྲོད་དུ་བོད་ཡིག་དགེ་རྒན་དང་དཔྱད་འདེམ་པའི་ནན་ཏན་ལྟ་ཞིབ་བརྒྱུད་མཇུག་མཐར་ལོ་རིམ་ཁག་རེ་ནས་ཕུལ་བྱུང་ཡིག་མཁན་སློབ་བུ་བདུན་རེ་བདམས་ཏེ་རྟིང་སྐུལ་གྱི་བྱ་དགའི་དངོས་པོ་འབོར་ཆེན་གནང་བ་རེད།


འབྲེལ་ཡོད་འོས་སྦྱོར།